༧གོང་ས་མཆོག་སླར་ཡང་མོན་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་དགོངས་ཡོད་འདུག

2022.09.06
༧གོང་ས་མཆོག་སླར་ཡང་མོན་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་དགོངས་ཡོད་འདུག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་མོན་ཡུལ་གྱི་དད་ལྡན་ཆོས་ཞུ་བ་ཚོར་མཇལ་ཁའི་སྐབས། ༠༩།༠༦།༢༠༢༢
མཐུན་འགྱུར་པར་རིས།/RFA

འདི་ཚེས་༦ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་གཙོས་པའི་མོན་ཡུལ་གྱི་གནད་ཡོད་མི་སྣ་༣༠ཙམ་ཞིག་མཇལ་ཁ་བསྩལ་སྐབས། ༧གོང་ས་མཆོག་མ་འོངས་བར་སླར་ཡང་མོན་ཡུལ་གཙོས་པའི་འབྲས་ལྗོངས། ལ་ཧུལ་སྤི་ཏི་ཁུལ་སོགས་ལ་ཆིབས་སྒྱུར་བསྐྱངས་རྒྱུའི་དགོངས་གཞི་ཡོད་པ་བཀའ་སྩལ་གནང་བྱུང་ཞེས་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ནི། དེ་སྔ་ཕྱི་ལོ་༡༩༩༠ལོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མོན་པ་ཚོར་མཇལ་ཁའི་སྐབས། ༧གོང་ས་མཆོག་གིས་མོན་ཡུལ་དུ་ནང་ཆོས་ངོ་སྤྲོད་དང་ཆོས་ཕྱོགས་ཀྱི་ལས་དོན་གཉེར་རྒྱུ་གལ་ཆེ་ཡིན་པ་བཀའ་བསྩལ་བ་ལྟར། ཚོགས་པ་དེ་དབུ་བརྙེས་པ་དང་ཚོགས་པ་འདིའི་མཚན་དང་ཚོགས་པའི་མ་དངུལ་ཡང་༧གོང་ས་མཆོག་གིས་གསོལ་སྩལ་གནང་ཡོད་སྐོར་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས་གསུངས་བྱུང་།
ཕྱི་ཚེས་༧ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་མཁན་གྱི་ཁོངས་སུ་མོན་ཡུལ་ནས་དད་ལྡན་ཆོས་ཞུ་བ་༧༠༠ཙམ་ཞིག་བཞུགས་སྒར་དུ་ཕེབས་ཡོད་པ་རེད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ང་ཚོས་རྒྱ་ནག་དང་བརྒྱུད་ལམ་གཞན་ཞིག་བརྒྱུད་ནས་འབྲེལ་ལམ་ཐབས་ཤེས་གནང་བཞིན་ཡོད། སྲིད་སྐྱོང་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎