ཡ་རབས་སྤྱོད་བཟང་གི་རིག་གཞུང་སྤེལ་རྒྱུ་གལ་ཆེ་ཡིན། ༧གོང་ས་མཆོག་གིས།


2019.03.25
༧གོང་མཆོག་གིས་སོག་ཡུལ་ནས་ཆེད་ཕེབས་གནང་པའི་མི་སྣ་ཁག་ཅིག་ལ་མཇལ་མོལ་གནང་སྐབས། ༢༠༡༩།༣།༢༥ ༧གོང་མཆོག་གིས་སོག་ཡུལ་ནས་ཆེད་ཕེབས་གནང་པའི་མི་སྣ་ཁག་ཅིག་ལ་མཇལ་མོལ་གནང་སྐབས། ༢༠༡༩།༣།༢༥
OHHDL

བོད་ཀྱི་དབུ་ཁྲིད་༧གོང་མཆོག་གིས་སོག་ཡུལ་ནས་ཆེད་ཕེབས་གནང་པའི་མི་སྣ་ཁག་ཅིག་ལ་མཇལ་མོལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་ནས་ཆེད་མངགས་རྡ་རམ་ས་ལར་ཆེད་ལས་ཟབ་སྦྱོང་ཐེངས་དང་པོར་ཕེབས་པའི་གཞུང་ཞབས་པ་དང་། ཆབ་སྲིད་པ། ཚོང་པ། སྨན་པ་སོགས་ཁྱོན་མི་གྲངས་ ༤༠ ལྷག་ཙམ་ཞིག་ལ་ཕྱི་ཟླ་༠༣པའི་སྤྱི་ཚེས་༢༥ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་མཇལ་མོལ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་སོག་པོའི་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་བཀའ་མོལ་གནང་པ་དང་ཆབས་གཅིག། སོག་ཡུལ་ནང་བར་སྐབས་དམར་ཤོག་གི་འོག་བསྟན་པར་ཉམས་ཆགས་ཕྱིན་པའི་གནས་ལུགས་སོགས་བཀའ་གནང་པ་དང་སྦྲགས། ད་ཆ་སོག་ཡུལ་ནང་བསྟན་པ་ཉམས་གསོ་འབྱུང་བཞིན་པའི་དུས་ཚོད་འདིའི་སྐབས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པའམ་རྒྱུ་མཚན་རྗེས་འབྲངས་ཀྱི་ནང་པ་བྱེད་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་ཕེབས་ཤིང་། ལྷག་པར་དུ་སོག་པའི་གཞོན་སྐྱེས་རྣམས་ལ་དམིགས་བསལ་གྱིས་བཟང་སྤྱོད་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
སོག་ཡུལ་ནས་ཕེབས་པའི་སོའི་སྨན་པ་(Ulziisuren)ལགས་ཀྱིས། ༧གོང་ས་མཆོག་ལ་དམིགས་བསལ་གྱིས་བྱམས་བརྩེ་དང་ལྡན་པའི་འཛུམ་མདངས་ཤིག་ཡོད་པ་དེས་མོ་རང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག། ༧གོང་ས་མཆོག་གིས་འཛུམས་མདངས་དེས་རང་བཞིན་གྱིས་མིའི་སེམས་ལ་བདེ་སྐྱིད་སྐྲུན་གྱི་ཡོད་པ་རེད། དེར་བརྟེན་འགྲོ་བ་མིའིབཟང་སྤྱོད་གོང་འཕེལ་ཡོང་བར་ཕན་ཚུན་མཛའ་བརྩེའི་འཛུམས་མདངས་སྟོན་རེས་བྱ་རྒྱུ་ནི་གཙོ་བོ་ཡིན་པའི་བསམ་ཚུལ་བཤད་ཡོད་པ་རེད།
ཡང་སྤྱི་ལོ་༡༩༩༠ལོར་སོག་པོའི་ནང་དམངས་གཙོའི་གྱེན་ལངས་བྱུང་བའི་རྗེས། ཐོག་མར་སོག་པོ་ནས་རྒྱ་གར་དུ་མི་གྲངས་ལྔ་བོད་ཀྱི་ནང་བསྟན་རིག་པར་བསླབ་པ་སློབ་གཉེར་བྱེད་དུ་ཡོང་སྟེ་འབྲས་སྤུངས་སྒོ་མང་དུ་སློབ་གཉེར་གནང་མྱོང་མཁན་(Bhattsengel)ལགས་ཀྱིས། དེ་སྔར་སོག་པོའི་མི་མང་རྣམས་མི་ལོ་༧༠་རིང་དམར་ཤོག་གིས་དབང་བསྒྱུར་བྱས་ཡོད་པ་དང། ལྷག་པར་དུ་སོག་པོའི་རིག་གཞུང་གཙོས་པའི་ནང་བསྟན་རིག་པ་སོགས་ལ་གཏོར་བཤིག་ཚད་མེད་བཏང་ཡོད་པར་བརྟེན། ཉེ་དུས་སོག་པོའི་མི་མང་རྣམས་ཀྱིས་ཉམས་རྒུད་ཏུ་སོང་བའི་ནང་བསྟན་རིག་པ་རྣམས་སླར་གསོ་ཡོང་ཆེད་ལས་རིམ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་གར་དུ་ཡོང་ནས་སློབ་གཉེར་བྱ་རྒྱུ་ནི་གནད་འགག་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
སོག་རིག་ཆེད་ལས་པ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རུ་སོག་སྐུ་ཚབ་དོན་གཅོད་ཁང་གིས་རྡ་རམ་ས་ལར་ཉིན་གསུམ་རིང་ཆེད་ལས་པའི་ཟབ་སྦྱོང་ཐེངས་དང་པོ་དེ་གོ་སྒྲིག་གནང་བ་དེའི་ཐོག་ཕེབས་པ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎