གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡི་གེ་དེ་མ་བརླག་པ་བྱེད་དགོས། ༧གོང་ས་མཆོག་གིས།

2023.07.25
གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡི་གེ་དེ་མ་བརླག་པ་བྱེད་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་བྷེལ་ཇམ་གྱི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་མཇལ་ཁ་སྩལ་སྐབས། ༠༧།༢༥།༢༠༢༣
OHHDL

འདི་ཚེས་༢༥ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཚོགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སྐབས་དང་པོའི་མཐར་ཕྱིན་སློབ་མའི་ཤེས་ཡོན་ཉམས་གསོག་སློབ་ཕྲུག་༡༩ལ་མཇལ་ཁ་སྩལ་བའི་སྐབས། ༧གོང་ས་མཆོག་གིས། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ཐོག་མཐའ་བར་གསུམ་དུ་དྲག་གནོན་དང་ཆབ་སྲིད་སློབ་གསོ་གཏོང་བ་སོགས་ཞེ་དྲགས་བྱེད་བཞིན་ཡོད་ཀྱང་། ངོས་ཀྱིས་འགོ་ཁྲིད་པའི་འོག་ལ་བོད་མི་རྣམས་བློ་ཞུམ་པ་མེད་པར་བརྟན་པོར་བསྡད་ཡོད། ཅེས་དང་། བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་བྱས་ནས་མ་བརླག་པ་བྱེད་གལ་ཆེ་བ་སོགས་བཀའ་སློབ་བསྩལ་འདུག

མཇལ་ཁའི་སྐབས་སློབ་མ་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་ཚིག་ཤིག་ཀྱང་སྙན་འབུལ་ཞུས་སོང་།
ཐེངས་འདིའི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཚོགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣམས་བཞུགས་སྒར་དུ་ཕེབས་ནས། བོད་མིའི་སྒྲིག་འཛུགས་དང་དེ་བཞིན་བོད་པའི་སློབ་གྲྭ་ཁག་ཅིག་ལ་ལྟ་སྐོར་གྱིས་བོད་པའི་སྤྱི་ཚོགས་རྒྱུས་ལོན་གནང་ཡོད་པ་རེད།
སློབ་མ་ཁག་ཅིག་ལ་མཚོན་ན་ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བ་ནི་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཁོང་རྣམ་པས་རྒྱ་གར་ནང་ཕྱི་ཟླ་༧ཚེས་༡༠ནས་༣༡བར་ཉིན་གྲངས་༢༠རིང་བོད་པའི་སྤྱི་ཚོགས་རྒྱུས་ལོན་གྱི་ལྟ་སྐོར་གནང་བཞིན་པ་རེད།


གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎