མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་གྲོས་བསྡུར་གནང་འཆར།

2021.09.18
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་གྲོས་བསྡུར་གནང་འཆར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས།
ཨེ་ཨེཕ་པི།

ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ལ་མ་ལྟོས་པར་བདུན་ཕྲག་རྗེས་མ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་རྒྱལ་ཁབ་༡༠༠ལྷག་གི་དབུ་འཁྲིད་ལྷན་བཞུགས་གནང་གཏན་འཁེལ་ནས་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་དང་ གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་བཞིན་རྒྱ་ནག་དང་ཨ་རི་དབར་གྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་དང་འབྲེལ་ཏེ་ཨ་ག་ནི་སིསྟན་ཏ་ལི་བན་གྱི་བཙན་བཟུང་བྱས་པ་སོགས་གནད་དོན་དུ་མའི་ཐོག་རྒྱལ་སྤྱིའི་མཐོུང་གི་གདོང་ལེན་བྱ་ཕྱོགས་སྐོར་གྲོས་བསྡུར་དང་གྲོས་མཆོད་གཏན་འབེབས་འབྱུང་ཐབས་གནང་རྒྱུ་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྔ་ནུབ་ཏུ་རྒྱལ་ཚོགས་ཀྱི་དྲུང་ཆེ་Antonio Guterres མཆོག་གིས་ད་ལྟའི་གོ་ལའི་ཆབ་སྲིད་ཀྱི་འགལ་ཟླའི་རང་བཞིན་དེ་འཛམ་གླིང་ཡུལ་གྲུ་ཁག་གི་མཐུན་མོང་གི་ལས་དོན་སྤེལ་རྒྱུར་འགོག་རྐྱེན་ཞིག་ཆགས་སྟེ་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་དེ་ཉེན་ཚབས་ཞིག་ཏུ་འགྱུར་ཡོད་པ་དང་ དེར་བརྟེན་ཐེངས་འདིའི་རྒྱལ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་སྟེང་ཕན་ཚུན་དབར་ཡིད་ཆེ་བསྐྲུན་གལ་ཆེ་བ་ཡིན་ལུགས་ཕ་རན་སི་གསར་ལས་ཁང་ལ་གསུངས་འདུག རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་ Delta Variant འམ་ཌེལ་ཊ་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལ་ཐུགས་འཚབ་གསལ་འདོན་གནང་ནས་ནད་ཡམས་ཁྱབ་གདལ་འགོག་སྲུང་ཐད་ལ་རྒྱལ་ཁབ་ཀྱི་གནས་སྟངས་ལ་གཞིགས་པའི་ལས་དོན་འཐུས་ཚང་མེད་པ་དང་ དཔེར་ན་རྒྱལ་ཁབ་མང་པོའི་ནང་མི་མང་བརྒྱ་ཆ་༨༠ལྷག་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་ཐོབ་པའི་མཐུན་རྐྱེན་ཡོད་རུང་རྒྱལ་ཁབ་གཞན་མང་པོ་ཞིག་ལ་མི་མང་བརྒྱ་ཆ་༢ལའང་སྔོ་འགོག་སྨན་ཁབ་ཀྱི་གོ་སྐབས་བྱུང་མེད་པའི་བར་ཁྱད་ལ་ཐུགས་འཚབ་ཡོད་པ་གསུངས་འདུག གནས་ཚུལ་ནང་གསལ་བར་རེས་གཟའ་མིག་མར་ཉིན་ཨ་རིའི་སྲིད་འཛིན་Joe Biden མཆོག་ནས་རྒྱལ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་སྟེང་གསུངས་བཤད་གནང་རྒྱུ་དང་དེ་རྗེས་རེས་གཟའ་ལྷག་པའི་ཉིན་དྲ་ལམ་བརྒྱུད་COVID19 ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་དང་འབྲེལ་དེ་ཚོགས་འདུ་སྐོང་ཚོགས་གནང་རྒྱུ་ཡིན་འདུག རྒྱལ་ཚོགས་ནང་ཨ་རིའི་སྐུ་ཚབ་ Linda Thomas-Greenfield ལགས་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་འདི་བཞིན་ཏོག་དབྱིབས་འགོས་ཁྱབ་ཀྱི་ལྡིང་ཆ་ཞིག་ཏུ་འགྱུར་ཉེན་ཆེ་བར་བརྟེན་རྒྱལ་ཁབ་གང་ནས་ ཚོགས་ཆེན་ཐོག་དངོས་སུ་ངོ་བཅར་ཞུ་རྒྱུའི་ཚབ་དྲ་ལམ་བརྒྱུད་མཉམ་བཞུགས་ཡོང་བའི་དགེ་ཚན་ཆེ་བ་ཡོད་པ་ནན་བརྗོད་གནང་འདུག འོན་ཀྱང་ནད་ཡམས་ཀྱི་གནས་སྟངས་ལ་མ་ལྟོས་པར་ དབྱིན་ཡུལ་དང་ Turkey, Israel སོགས་ཁྱོན་རྒྱལ་ཁབ་༡༠༠ཙམ་ཞིག་གི་དབུ་ཁྲིད་རྣམས་གྲོང་ཁྱེར་ནིའུ་ཡོག་ཏུ་དངོས་སུ་ངོས་བཅར་ཞུ་རྒྱུ་ཡིན་འདུག།
གསར་འགོད་པ། དོན་གྲུན་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎