རྒྱ་རིཊ་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་དང་པོ།

2016-11-16
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་རིཊ་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་དང་པོ། ༢༠༡༦།༡༡
རྒྱ་རིཊ་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་དང་པོ། ༢༠༡༦།༡༡
tibetonline.tv

དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་བཞི་པ་དེ་ཚོགས་པ་དང་མཉམ་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་ཞིག་ཀྱང་བཞུགས་སྒར་རྡ་རམ་ས་ལའི་ཕྱི་དྲིལ་ལས་ཁུངས་ནང་ཚོགས་འདུག
རྒྱ་མི་རིགས་དང་འབྲེལ་བ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་ཟབ་སྦྱོང་དེའི་ནང་ཨ་མི་རི་ཀ་དང་། བྷེལ་ཇི་ཡམ། ཐེ་ཝན། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྱི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་། རྒྱལ་ས་ལྡི་ལི་ནེ་རུ་གཙུག་ལག་སློབ་ཆེན་གྱི་ཤར་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཁང་གི་འབུམ་རམས་པ་ཁག་ཅིག་བཅས་རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་མི་སྣ་༡༦་ཟབ་སྦྱོང་ནང་ཞུགས་འདུག་ལ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། བྱང་ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱང་ཆེད་ཕེབས་གནང་འདུག
ཟབ་སྦྱོང་དེའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱས་པ་ཡོ་བསྲང་དང་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས། བོད་ཀྱི་ཡང་སྲིད་རིག་གནས། མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས། དེང་སྐབས་བོད་ཕྱི་ནང་གི་གནས་ཚུལ་བཅས་བརྗོད་གཞི་འདྲ་མིན་ཐད་འགྲེལ་བརྗོད་དང་དྲི་བར་དྲིས་ལན་གནང་འདུག
དེའི་གནང་དོན་གཙོ་བོ་ནི་རྒྱ་མི་རིགས་དང་འབྲེལ་ལམ་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་དང་། གཉིས་པ་རྒྱ་མི་རིགས་དང་འབྲེལ་ལམ་བཟོས་ཏེ་དམིགས་ཚད་གང་འདྲ་ཞིག་ལ་སླེབས་ཐུབ་པ་བྱ་དགོས་པ། རྒྱ་རིགས་དང་འབྲེལ་ལམ་ཇི་ལྟར་བཟོ་དགོས་པ་སོགས་ཡིན་འདུག
རྒྱ་རིགས་ཀྱི་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་འདི་ནི་ཐོག་མ་འགོ་འཛུགས་པ་ཞིག་ཡིན་པ་དང་། རྨང་གཞི་འདིའི་སྟེང་ལོ་རྗེས་མར་ཡང་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཟབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་འཆར་ཡོད་པའི་འདུག།

གསར་འགོད་པ་ལྕགས་མོ་འཚོ་དང་། སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།