ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ཨ་མི་རི་ཀས་རྒྱ་ནག་ཐོག་བསྒྲགས་གཏམ་སྤེལ་འདུག

2019-12-11
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་དྲ་ངོས། ༢༠༡༩
རྒྱ་ནག་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་དྲ་ངོས། ༢༠༡༩
དྲ་བཤུས།

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་བོད་དང་ཤིན་ཅང་ངམ་ཤར་ཏུ་ཀེ་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་བཞིན་ཡོད་པར་སེམས་ཚབས་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
དེ་ཡང་ཕྱི་ཟླ་ ༡༢ ་ཚེས་ ༡༠་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། དེང་སྐབས་རྒྱ་ནག་ནང་སྐོར་བསྐྱོད་གནང་བཞིན་པའི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་རྒྱ་ནག་ཐོག་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་ནང་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་བཅས་ཀྱི་ཐོག་དམ་དྲག་ཚབས་ཆེན་བྱེད་ཀྱི་ཡོད་པ་དང་། ལྷག་པར་མི་མང་པོ་ཞིག་ཁྲིམས་ལུགས་དང་མི་མཐུན་པར་དོ་དམ་བཀག་སྐྱིལ་བྱས་པ། དེ་བཞིན་འཆར་གཞི་ལྡན་པའི་ངང་ནས་ཆོས་ལུགས་ཁག་གི་ལྷ་ཁང་དང་དགོན་སྡེ་ཁག་གཏོར་བཤིག་བཏང་བ། ཡུ་གུར་ཁ་ཆེ་མི་རིགས་དང་གྲངས་ཉུང་མི་རིགས་གཞན་ཁག་ཆབ་སྲིད་སློབ་གསོ་སྤེལ་ཡུལ་བཀག་བསྐྱིལ་ཁང་ནང་བཅུག་པ་དང་། མི་དམངས་ཀྱི་ཐོག་ལ་དོགས་སྲུང་ནན་པོ་བྱེད་ཀྱི་ཡོད་པ་ཐེར་འདོན་གྱིས་སྐྱོན་བརྗོད་གནང་ཡོད་པ་རེད། ཡོ་རོབ་སྒྲིག་འཛུགས་ཀྱི་བསྒྲགས་གཏམ་དེའི་ནང་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་ད་ལྟ་རྒྱ་ནག་གི་བཙོན་འཇུག་འོག་ཏུ་ཡོད་པའི་བཀྲིས་དབང་ཕྱུག་ལགས་དང་། ཡུ་གུར་ཁ་ཆེ་བ་ཨི་ལམ་ཏྲོ་ཏྲིས་བཅས་སོགས་ཀྱི་གནས་སྟངས་ཐད་ཐུགས་ཚབས་ཡོད་པ་འཁོད་པ་དང་མཉམ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཁོང་ཚོའི་ནང་མི་ལ་སུན་གཙེར་བཀག་ཉར་བྱེད་རྒྱུ་སོགས་འཕྲལ་དུ་མཚམས་འཇོགས་དགོས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་ཡོངས་ཁྱབ་རིན་ཐང་ལ་སྲུང་སྐྱོབ་ལག་བསྟར་གནང་དགོས་པའི་ནན་སྐུལ་གནང་འདུག
ཡང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོས་དབྱིན་ཡིག་དང་། རྒྱ་ཡིག བོད་ཡིག ཡུ་གུར་བཅས་སྐད་ཡིག་བཞིའི་ཐོག་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་དེར་ངོས་ལེན་བྱས་ཡོད་ཀྱང་། པེ་ཅིང་གཞུང་གིས་ཁས་ལེན་དམ་བཅའ་ལག་ལེན་བསྟར་ཕྱོགས་ལ་དྭོགས་པ་ཡོད་པ་གསུངས་ཞིང་། འདས་བའི་ལོ་གཅིག་གི་རིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཡིག་ནང་བཀོད་པ་བཞིན། རྒྱ་ནག་རང་ཉིད་ཀྱི་མང་ཚོགས་ཀྱི་གཞི་རྩའི་རང་དབང་སྲུང་སྐྱོབ་ཐད་གཞུང་གི་འཛིན་སྐྱོང་བྱེད་སྟངས་ལམ་ལྷོང་བྱུང་མེད་པ་མིག་མཐོང་ལག་ཟིན་བྱུང་ཡོད་ཅེས་བཀོད་ཡོད་ལ། པེ་ཅིན་གཞུང་གིས་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལས་ལྷག་པའི་དམ་དྲག་དང་། ཕྱག་འཚལ་མཆོད་འབུལ་བྱེད་ས་སྒོ་བརྒྱབ་པ། ཡེ་ཤུ་བ་དང་བོད་པ་ནང་ཆོས་ལ་དད་བྱེད་མཁན་མང་པོ་བཀག་ཉར་བྱེད་བཞིན་པར་ཡང་སེམས་འཁུར་་བྱེད་བཞིན་པ་ཡིན་ཞེས་བཀོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།