རྒྱལ་བ་ཡབ་སྲས་འགྲེམས་སྟོན་ཁང།

2015-12-29
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ནས་པཎ་ཆེན་རིན་པོ་ཆེའི་སྐུ་པར་ལ་ཐུགས་ཞིབ་མཛད་བཞིན་པ།
༸གོང་ས་མཆོག་ནས་པཎ་ཆེན་རིན་པོ་ཆེའི་སྐུ་པར་ལ་ཐུགས་ཞིབ་མཛད་བཞིན་པ།
དགའ་ལྡན་ཕོ་བྲང་།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོངས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྣམ་གཉིས་དབར་ཆོས་ཕྱོགས་དང་གནའ་སྲོལ་གྱི་ཐུགས་འབྲེལ་ལམ་དམ་གཟབ་ཡོད་པར་གུས་བསྟོད་དྲན་གསོ་ཞུ་སླད་རྒྱལ་བ་ཡབ་སྲས་འགྲེམས་སྟོན་ཁང་ཞིག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀུ་པི་བོད་མིའི་གཞིས་སྒར་དུ་རྟེན་གཞི་གནང་བའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་དབུ་འབྱེད་གནང་འདུག
དེ་སྔོན་༢༠༠༩ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལར་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་སྐུ་པར་འགྲེམས་སྟོན་ཞིག་དབུ་འབྱེད་བཀྲིན་ཆེ་གནང་མཛད་པ་དང་།   དེ་ནས་བཟུང་པཎ་ཆེན་སྐུ་གོང་མ་མཆོག་གི་སྐུ་པར་རྣམས་རྒྱ་གར་གནས་མཆོག་རྡོར་རྗེ་གདན་དང་། ཝ་ར་ཎཱ་སི། ལ་དྭགས། སྦེ་ལ་ཀུ་པི་དང་།    སྦེང་ལོར་སོགས་ས་གནས་མང་པོའི་ནང་སྐོར་བསྐྱོད་འགྲེམས་སྟོན་གནང་ཡོད་པ་དེ་དག་གོ་སྒྲིག་གནང་མཁན་༧པཎ་ཆེན་ཨེར་ཏི་ཎི་དབུས་ཞབས་ཞུ་ལྷན་ཚོགས་ཡིན་པ། རྒྱལ་བ་ཡབ་སྲས་ཀྱི་ཚན་ཐོག་འགྲེམས་སྟོན་དེ་བཞིན་གདན་ས་བཀྲིས་ལྷུན་པོའི་འདུ་ཁང་ཆེན་མོའི་ནང་གཏན་འཇགས་འཇོག་གནང་མཛད་རྒྱུ་ཡིན་པ་རེད། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་དབར་ལོ་རྒྱུས་ཀྱི་ཐོག་ནས་སྔར་སྲོལ་གྱི་ཐུགས་འབྲེལ་བ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཕན་ཚུན་ཡང་སྲིད་རྩད་གཅོད་དང་འབྲེལ་ངོས་འཛིན་གནང་རེས་གནང་སྲོལ་གྱི་དུས་ཡུན་ཧ་ཅང་རིང་པོའི་འབྲེལ་བ་ ཡོད་སྟབས་བཀྲིས་ལྷུན་པོའི་འདུ་ཁང་ཆེན་མོའི་ནང་གི་གཏན་འཇགས་འགྲེམས་སྟོན་དེའི་ཐོག་སྐུ་པར་ཉིས་བརྒྱ་ཙམ་ཞིག་སྒྲིག་གཤོམ་ཞུས་ཡོད་པ་དེ་རྣམས།  སྡེ་ཚན་ཁག་བགོས་ཀྱིས་སྡེ་ཚན་གཅིག་ནང་རྒྱལ་བ་ཡབ་སྲས་རྣམ་གཉིས་ལྷན་དུ་བསྒྲོན་པའི་སྐུ་པར་དང་། ཡང་སྡེ་ཚན་གཞན་དེ་བོད་ཕྱི་ནང་གཉིས་སུ་དབུ་ཁྲིད་རྣམ་གཉིས་ཀྱི་མཛད་པ་འཕྲིན་ལས་དང་འབྲེལ་བའི་སྐུ་པར་སྒྲིག་གཤོམ་ཞུས་འདུག   བཀྲིས་ལྷུན་པོའི་མཁན་པོ་ཀ་ཆེན་བློ་བཟང་ཚེ་བརྟན་མཆོག་གིས་སྤྱི་ནོར༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་དང་༧ཀུན་གཟིགས་པཎ་ཆེན་སྐུ་གོང་མ་རྣམ་གཉིས་ཐོུང་གི་མཛད་ཆེན་ལ་རང་ཅག་བོད་འབངས་ཡོངས་ནས་ཆེ་བསྟོད་ཞུ་སླད་རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་འགྲེམས་སྟོན་དེ་གདན་ས་བཀྲིས་ལྷུན་པོར་གཏན་འཇོག་གནང་བ་ཡིན་ཞེས་གསུངས་བཞག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།