ཐེ་ཝན་ནང་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག

2024.11.27
ཐེ་ཝན་ནང་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག ཐེ་ཝན་ནང་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས།

སྤྱི་ཟླ་ ༡༡ ཚེས་ ༢༥ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་རྒྱ་རིགས་འབྲེལ་མཐུད་པ་རྣམས་གཙོ་བོར་གྱུར་བའི་འབྲེལ་ཡོད་མི་སྣ་ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་རེད།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤྱི་ཚེས་༢༧ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཚོགས་འདུ་དེ་ཚོགས་དགོས་པའི་དམིགས་ཡུལ་སོགས་ཀྱི་ཐད་ནས་བཅར་འདྲི་ཞུས་སྐབས། ཁོང་གིས་ཐེ་ཝན་དུ་ལོ་ལྟར་གངས་ལྗོངས་གླེང་སྟེགས་ཞེས་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་སྐོང་ཚོགས་གནང་གི་ཡོད་པ་བཞིན། ད་ལོའི་ཚོགས་འདུ་དེ་ཟླ་བ་འདིའི་སྤྱི་ཚེས་༢༣དང་༢༤ཉིན་སྐོང་ཚོགས་གནང་ཡོད་པའི་ཐོག་རྒྱ་རིགས་འབྲེལ་མཐུད་པ་གཙོ་བར་གྱུར་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཡིག་ཐོག་ཕྱག་ལས་གནང་མཁན་མང་པོ་ཞིག་ཐེ་ཝན་དུ་འཛོམས་ཡོད་པ་དང་བསྟུན་ནས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ཚོགས་འདུ་ཞིག་ཚོགས་རྒྱུར་བཀའ་ཤག་ནས་བཀའ་ཁྲོལ་ཐོབ་པ་བཞིན་དུ་ཚོགས་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་ཚོགས་འདུ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས། དགའ་ལྡན་ཕོ་བྲང་ཡིག་ཚང་གི་རྒྱ་ཡིག་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས། ཕྱི་དྲིལ་བརྙན་འཕྲིན་གྱི་རྒྱ་ཡིག་ཚན་པའི་འགན་འཛིན་འཇམ་དབྱངས་ཚེ་རིང་ལགས། གཞན་འབུམ་རམས་པ་རྒྱལ་ལོ་ལགས་སོགས་མཉམ་ཞུགས་གནང་ཡོད་སྐོར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་མུ་མཐུད་དུ་འགྲེལ་བརྗོད་གནང་བྱུང་། ཐེངས་འདིའི་ལྷན་ཚོགས་ཐོག་གཙོ་བོ་རྒྱ་ནག་གཞུང་གིས་བོད་ལ་དབྱིན་སྐད་དུ་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་བདེ་སྤྱོད་བྱེད་བཞིན་པའི་གནད་དོན་དང་། དེ་བཞིན་རྒྱ་རིགས་འབྲེལ་འཐུད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བརྙན་འཕྲིན་ཚན་པའི་བར་ནུས་པ་མཉམ་སྤུངས་གནང་ཕྱོགས། གཞན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ལོ་ལྟར་གོ་སྒྲིག་གནང་བཞིན་པའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་ཚོགས་འདུ་དེ་མ་འོངས་པར་རྒྱལ་སྤྱིའི་རང་བཞིན་གྱི་རྒྱ་ཡིག་ཚོགས་འདུ་ཚད་ལྡན་ཞིག་ཏུ་བསྒྱུར་རྒྱུར་ནུས་པ་མཉམ་སྤུངས་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཐད་ནས་བགྲོ་གླེང་གནང་ཡོད་པ་རེད།

ཐེངས་འདིའི་རྒྱ་རིགས་འབྲེལ་འཐུད་ཀྱི་ལས་དོན་འཚོགས་འདུ་དེའི་ཐོག་གྲོས་བསྡུར་བྱུང་བའི་ནང་དོན་ཁག་ཕྱོགས་བསྡོམས་ཀྱིས་བཀའ་ཤག་ལ་ཕུལ་རྒྱུ་ཡིན་པ་སོགས་ཉིན་གཅིག་རིང་གི་ལྷན་ཚོགས་དེ་ཡག་པོ་བྱུང་སོང་ཞེས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག།

གསར་འགོད་པ། བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་དང་། ལྦིཡེཏ་ནམ། ཀོ་རི་ཡ་སོཊ་ནས་དད་ལྡན་པ་ ༣༠༠ ཙམ་ལ་མཇལ་ཁ་སྩལ་གནང་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎