རྒྱ་ནག་གིས་གཏེར་ཁ་སྲུང་སྐྱོབ་བྱེད་མཁན་བོད་མི་བཞི་འཇུ་བཟུང་།


2014.04.23
རིམ་པ་ལྟར་འཇུ་བཟུང་བྱས་བའི་བོད་མི་ཐུབ་དགའ་དང་། སྐྱ་མོ། འཇམ་དབྱངས། དགའ་བདེ་བཅས་ཀྱི་ཉེ་པར། རིམ་པ་ལྟར་འཇུ་བཟུང་བྱས་བའི་བོད་མི་ཐུབ་དགའ་དང་། སྐྱ་མོ། འཇམ་དབྱངས། དགའ་བདེ་བཅས་ཀྱི་ཉེ་པར།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བོད་འབྱོར།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་གཏེར་ཁ་སྔོག་འདོན་བཀག་སྡོམ་བྱེད་མཁན་དཔལ་ཡུལ་རྫོང་གི་བོད་མི་བཞི་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། སྤྱི་ལོ་༢༠༡༤ལོའི་སྤྱི་༤་ཚེས་༢༡་ཉིན་གྱི་ཕྱི་དྲོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ཁྲོཾ་ཐར་ཆུས་འབར་ཆུང་ཡུལ་ཚོའི་བོད་མི་ཐུབ་དགའ་དང་། དགའ་བདེ། སྐྱ་མོ། འཇམ་དབྱངས་བཅས་བོད་མི་བཞི་གློ་བུར་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་པ་དང་མཉམ། ས་གནས་སུ་ཉེན་རྟོག་པས་ཡུལ་མི་ཕར་ཚུར་འགྲོ་བསྐྱོད་ལ་བཀག་སྡོམ་དང་དམ་དྲག་བྱེད་བཞིན་པ་རེད་འདུག དེ་ནི་ལོ་མང་རིང་ཁྲོམ་ཐར་ས་གནས་སུ་རྒྱ་ནག་གི་འབྲེལ་ཡོད་གཏེར་འདོན་ཚན་པ་ཞིག་གིས་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག ས་གནས་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་དང་ས་གནས་མི་དམངས་ལ་དཀའ་ངལ་འཕྲད་བཞིན་པར་བརྟེན་གོང་བརྗོད་བོད་མི་ཁོང་ཚོས་ཉེ་བའི་སྤྱི་ཟླ་༢བའི་ཟླ་མཇུག་ལ་གཏེར་ཁ་སྔོག་འདོན་བྱེད་བཞིན་པར་མི་འདོད་ངོ་རྒོལ་བྱས་བས་ཡིན་པ་བརྗོད་བཞིན་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། སྤྱི་ཟླ་༤་ཚེས་༢༡་ཉིན་བོད་མི་ཁོང་བཞི་བོ་འཛིན་བཟུང་བྱས་རྗེས་དེ་སྔོན་གཏེར་ཁ་སྔོག་པར་ངོ་རྒོལ་གྱི་འབྲེལ་ཡོད་མཁན་བོད་མི་ཁག་གཅིག་ཉེན་ཡོལ་ཆེད་རི་ལ་བྲོས་ཟིན་པ་བརྗོད་ཡོད།
དེ་བཞིན་ས་གནས་སུ་དམ་དྲག་གི་གནས་སྟངས་ཁྲོད་སྤྱི་ཟླ་༤་ཚེས་༢༣་ཉིན་གྱི་དགོང་མོར་བུད་མེད་རྒོད་ལོ་ཟེར་བ་ཞིག་ལ་ཡང་ཉེན་རྟོག་རྒྱུ་རྐྱེན་གསལ་བོ་མེད་པར་གཅར་རྡུང་བྱས་ཡོད་པ་དང་། ད་དུང་གང་བྱུང་གིས་བོད་མི་འཛིན་བཟུང་བྱེད་ཐབས་བྱེད་པ་སོགས་འདི་གར་གནས་ཚུལ་འབྱོར་བྱུང་།

གསར་འགོད་པ་བློ་བཟང་ཆོས་འཕེལ་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎