ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱ་ནག་གཞུང་གིས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ།

2021.03.13
ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱ་ནག་གཞུང་གིས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ། འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་དང་ཡུ་རོབ་སྤྱི་མཐུན་གྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་ནས་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་འདུག
ཨེ་ཨེཕ་པི།

དེ་ཡང་G-7 འམ་ཨ་རི་དང་དབྱིན་ཡུལ། ཕ་རན་སི་། ཁེ་ན་ཌ། ཨི་དྲ་ལི། ཉི་ཧོང་བཅས་ལས་གྲུབ་པའི་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་བདུན་དང་དེ་བཞིན་ཡུ་རོབ་སྤྱི་མཐུན་གྱི་སྐུ་ཚབ་བཅས་ཐུན་མོང་གི་ཐོག་ནས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ཐོག་གཏན་འབེབས་བྱས་པའི་སྒྲིག་གཞིའི་ཁོངས་སུ་ཧོང་ཀོང་མི་མང་ཚོའི་གཞི་རྩའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་ཏེ་འོས་བསྡུའི་ལམ་ལུགས་མེད་པ་བཟོ་ཐབས་བྱེད་པ་ཞིག་རེད་ལ་དེ་སྔ་རྒྱ་ནག་དང་དབྱིན་ཡུལ་གཉིས་དབར་བཞག་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཆིངས་དོན་དང་ཡང་འགལ་གྱི་ཡོད་རེད། ལྷག་པར་དུ་ཧོང་ཀོང་མི་མང་ཚོའི་སྨྲ་བརྗོད་རང་དབང་དང་། མི་མང་གི་འདོད་མོས་ལྟར་འཐུས་མི་འདེམས་རྒྱུའི་རང་དབང་མེད་པ་ཆགས་ཀྱི་ཡོད་པ་སོགས་གང་ས་ཅིའི་ཐད་ནས་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས་ང་ཚོས་རྒྱ་ནག་གཞུང་ལ་ཧོང་ཀོང་ནང་དེ་སྔ་དབྱིན་ཇིའི་མཉམ་བཞག་པའི་ཆིངས་དོན་གཞིར་བཟུང་གཞི་རྩའི་རང་དབང་སྤྲོད་དགོས་པ་དང་།ཧོང་ཀོང་ནང་སླར་ཡང་མི་མང་གི་ཡིད་ཆེས་བསྐྱར་གསོ་ཐུབ་ཐབས་བྱེད་དགོས་པ་ལས་མང་གཙོ་དང་རང་དབང་འཐབ་རྩོད་བྱེད་མཁན་ཚོར་སྡུག་སྦྱོང་གཏོང་རྒྱུ་མེད་ལུགས་འབོད་སྐུལ་གནང་ཡོད་པ་བཅས་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་ནས་སྔ་ལོ་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཞེས་པའི་ཁྲིམས་གཞི་གསར་གཏོད་བྱེད་པའི་འོག་ནས་མང་གཙོ་དོན་གཉེར་བ་དང་སློབ་ཕྲུག་ལས་འགུལ་སོགས་མང་དག་ཅིག་ཁྲིམས་གཞི་དེའི་འོག་ནས་ཉེས་འཛུགས་འོག་འཛིན་བཟུང་དོ་དམ་བྱས་པ་དང་། དོན་གཉེར་བ་ཁག་ཅིག་ཧོང་ཀོང་ནས་ཕྱིའི་ཡུལ་གྲུ་ཁག་ལ་སྐྱབས་བཅོལ་ཞུ་དགོས་པ་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎