༸གོང་ས་མཆོག་གིས་གསུང་ཆོས་བསྩལ་རྒྱུ།


2013-11-09
Share
ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་སྩལ་རྒྱུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག།
༸གོང་ས་མཆོག་གི་དྲ་གནས།

༄༅༎དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༡ ཉིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ལེ་ཤེ་ཡའི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ཆོས་འབྲེལ་བསྩལ་གནང་རྒྱུ་ཡིན་པ་དང་། ཚེས་ ༡༣ ཉིན་རྒྱལ་ས་ལྡི་ལིའི་ནང་ལྡི་ལི་བོད་ཁང་དང་། ཨིན་དྷ་ར་གྷན་དྷིའི་སྒྱུ་སྩལ་དང་གློག་བརྙན་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག་ ཨེ་ཤི་ཡའི་ནང་ན་ལེན་ཌའི་བཞེད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ། དེ་ནས་རིམ་བཞིན་ཚེས་བཅུ་བདུན་ནས་བཟུང་ཉི་ཧོང་ཁུལ་ཆིབས་བསྒྱུར་གྱིས་བདུན་ཕྲག་གཅིག་ལྷག་ཙམ་རིང་ཆོས་འབྲེལ་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་མཛད་རིམ་ཡོད་འདུག མཛད་རིམ་གཞིར་བཟུང་ལྟར་ན། ཚེས་བཅུ་བདུན་ཉིན་ཚན་རིག་པ་ཁག་ཅིག་དང་ལྷན་དུ་མི་ཚེ་དང་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ནང་ལྷན་ཞུགས་གནང་རྒྱུ་དང་། ཚེས་ཉི་ཤུ་གཅིག་ཉིན་དུས་རབས་ཉེར་གཅིག་པའི་ནང་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་གནང་རྒྱུ། དེ་ནས་ཚེས་ཉི་ཤུ་གསུམ་ཉིན་རྒྱལ་ས་ཀྲོག་ཡོའི་ནང་། སྒྱུ་རྩལ་དང་། རིག་གཞུང་ཞེས་པའི་གླེང་གཞིའི་ཐོག་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་འདུག ཡང་གོང་དུ་ཞུས་པ་ལྟར། འདི་ཚེས་ ༡༡ ཉིན་བཞུགས་སྒར་དུ་གནང་རྒྱུའི་ཆོས་འབྲེལ་དྲ་རྒྱའི་ཐོག་ནས་ཐད་ཀར་གསན་ཐུབ་རྒྱུ་ཡིན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།