ཆོས་ལ་ཡིད་ཆེས་མིན་ལ་མ་ལྟོས་པར་མི་ཚང་མར་བྱམས་བརྩེ་དང་སྙིང་རྗེ་དགོས་ཡོད།
2019.08.31
༄༅༎ཕྱི་ཟླ་༨ཚེས་༣༠རེས་གཟའ་པ་སངས་ཀྱི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་མེངྒ་ལུ་རུར་(Mangaluru)རྒྱ་གར་རྒྱལ་ཡོངས་ཁེ་ཐོ་ལིཁ་(Catholic) ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོཌ་ཆེན་༥༢འི་ཚོགས་མགོན་དུ་༧ཞབས་སོར་འཁོད་གནང་གིས་བཀའ་སློབ་གནང་བའི་སྐབས་འགྲོ་བ་མིའི་རང་བཞིན་བྱམས་དང་སྙིང་རྗེ་ཡིན་པ་དང༌། ཆུང་དུས་ནས་མའི་བརྩེ་བའི་འོག་ཚར་ལོངས་བྱུང་བ་ཚོ་མི་ཚི་ཧྲིལ་པོ་བློ་བདེ་བག་ཕེབས་ཡོང་གི་རེད། ཆུང་དུས་ནས་མའི་བྱམས་བརྩེ་བྲལ་བ་ཚོར་དུས་རྟག་ཏུ་མ་སྐྱིད་པ་ཡོང་གི་རེད། ང་ཚོ་ཚང་མ་མི་གཅིག་པ་ཡིན་པའི་འདུས་ཤེས་མ་གཏོགས་མི་རིགས་དང་། ཆོས་ལུགས་དང་རྒྱལ་ཁབ་ཀྱི་དབྱེ་འབྱེད་མེད་ཀྱང་རིམ་པས་ཚར་ལོངས་སྐབས་དབྱེ་འབྱེད་གྱི་རྣམ་པ་མངོན་གསལ་དོད་དུ་ཕྱིན་ནས་འཁྲུག་རྩོད་དང་འཐབ་རྩོད། ལྷག་དོན་དུ་ཆོས་ལུགས་ཀྱི་མིང་ཐོག་ནས་གསོད་རེས་བཏང་ཡོད་པ་ནི་བློ་ཕམ་གྱི་རང་བཞིན་རེད་ཅེས་གསུངས་གནང་འདུག ༧གོང་ས་མཆོག་གིས་རྒྱ་གར་ནི་འཛམ་གླིང་གི་ཆོས་ལུགས་དང་མི་རིགས་སྣེ་འཛོམས་ཡོད་པ་དེ་དག་བློ་མཐུན་དམ་བཟང་གི་ཚུལ་དུ་གནས་བཞིན་པ་དེར་བསྔགས་བརྗོད་དང་སྦྲགས་ཆོས་ལུགས་ཚང་མར་མིའི་བློ་གྱོང་པོ་དེ་བཏུལ་རྒྱུའི་ནུས་པ་ཡོད་ཅེས་བཀའ་བསྩལ་གནང་འདུག ཡང་༧གོང་ས་མཆོག་གིས་ཆོས་ལུགས་ཚང་མར་ཁྱད་ཆོས་མི་འདྲ་བ་ཡོད་ཀྱང་ཡེ་ཤུའི་ཆོཌ་ཀྱིས་ཤེས་ཡོན་དང་འཕྲོད་བསྟེན་ཐད་ཧ་ཅང་ཞབས་འདེགས་ཆེན་པོ་ཞུས་ཡོད་པར་བསྔགས་བརྗོད་ཡོད་ལ་ནང་པ་ཚོས་བསླབ་བྱ་ལེན་དགོས་སྐོར་བཀའ་གནང་འདུག།