༧གོང་ས་མཆོག་ལྡི་ལིར་མཛད་འཆར་བསྐྱང་ཆེད་བཞུགས་སྒར་ནས་ཆིབས་ཐོན་གནང་བ།


2019-11-19
Share
༧གོང་ས་མཆོག་ལྡི་ལིར་མཛད་འཆར་བསྐྱང་ཆེད་བཞུགས་སྒར་ནས་ཆིབས་ཐོན་གནང་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་མཛད་འཆར་ཁག་ཅིག་བསྐྱང་ཆེད་བཞུགས་སྒར་ནས་ཆིབས་ཐོན་མཛད་གནང་ཡོད་པ།
ཨེ་ཤེ་ཡ་ཪང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

ཟླ་བ་འདིའི་ཚེས་༡༩ཉིན་གྱི་ཞོགས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་ནང་མཛད་འཆར་ཁག་ཅིག་བསྐྱང་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་སྔ་དྲོའི་ཆུ་ཚོད་བཅུ་བ་ཙམ་ལ་རྒྱ་གར་རྒྱལ་ས་ལྡེ་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། དེ་བཞིན་སྤྱི་ཚེས་༢༠ཉིན་རྒྱལ་ས་ལྡེ་ལི་ནས་སེནྚ་ཀོ་ལོམ་རྦི་ཡ་སློབ་གྲྭའི་ནང་ ཏུ་ཤི་ཏ་སྒོམ་སྒྲུབ་ལྟེ་གནས་ཁང་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་དུས་ཆེན་དང་སྟབས་བསྟུན་ཏེ་མང་ཚོགས་ལ་ཁོང་ཁྲོ་དང་སེམས་འཚབ་ལ་གདོང་ལེན་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནས་འགྲེལ་བརྗོད་གནང་བྱུང་། དེ་བཞིན་སྤྱི་ཚེས་༢༡ཉིན་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཚོགས་ཁང་དུ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སིམ་ལར་རྟེན་གཞི་བྱས་པའི་རྒྱ་གར་ཡར་ཐོན་ཤེས་ཡོན་ལྟེ་གནས་ཁང་གིས་བཀོད་སྒྲིག་བྱས་བ་བཞིན་རྒྱ་གར་སྲིད་འཛིན་དམ་པ་ ར་དྷ་ཀྲིཤ་ནན་མཆོག་རྗེས་དྲན་གསུང་བཤད་བསྩལ་རྒྱུ།
ཕྱི་ཚེས་༢༤་ཉིན་རྒྱ་གར་ནུབ་མྷ་ར་ཤེ་ཊ་མངའ་སྡེའི་གྲོང་ཁྱེར་ཨོ་རན་གྷ་བྷད་ནང་རྟེན་གཞི་བྱས་པའི་ལོ་ཀུ་ཏ་ར་སྦུ་ཀུ་སྦྱོང་བརྡར་ལྟེ་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱལ་སྤྱིའི་ནང་པའི་འདུ་འཛོམས་ཀྱི་ཚོགས་མགོན་དུ་ཆིབས་འགྱུར་བསྐྱང་གནང་གིས་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་། སྐབས་དེར་རྒྱལ་ཁག་བཅུ་ནས་ཕེབས་པའི་ནང་པའི་མཁས་དབང་དང་དགེ་འདུན་པ་༣༠༠ ལྷག་འདུ་འཛོམས་གནང་རྒྱུ་ཡིན་འདུག།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་༧བས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལི་དང་། ཨོ་རང་གྷ་སྦད་ཀྱི་མཛད་འཆར་ཁག་གྲུབ་རྗེས་འདི་ཚེས་༢༥ ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་རྒྱུ་ཡིན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།