༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིན་གཅིག་རིང་སྐུ་ངལ་གསོ་གནང་མཛད་རྒྱུ་ཡིན་འདུག


2018-12-29
Share
 ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིན་གཅིག་རིང་སྐུ་ངལ་གསོ་གནང་མཛད་རྒྱུ་ཡིན་འདུག ༧གོང་ས་མཆོག་ཉིན་གཅིག་རིང་སྐུ་ངལ་གསོ་གནང་མཛད་དེ་སང་ཉིན་ཕྱི་ཚེས་༣༠་ནས་མུ་མཐུད་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག
དགའ་ལྡན་ཕོ་བྲང༌།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིན་གཅིག་རིང་སྐུ་ངལ་གསོ་གནང་མཛད་དེ་སང་ཉིན་ནས་མུ་མཐུད་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་གནང་རྒྱུ་རེད་འདུག

སྐུའི་བླ་སྨན་པ་རྣམ་པ་ཚོ་དང་དྲུང་ཆེ་རྣམ་པ་ཚོས་སྐུ་མདུན་ལ་སྐུ་ངལ་གསོ་གནང་མཛད་རྒྱུའི་འབོད་སྐུལ་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་གི་ཞལ་བཞེས་ཐོབ་སྟེ་ཉིན་གཅིག་རིང་བཀའ་དབང་དང་གསུང་ཆོས་བར་སེང་འཇོག་གནང་མཛད་ཡོད་པ་ལས། ༧གོང་ས་མཆོག་གི་སྐུ་ཁམས་མི་བདེ་བ་དང་སྙུང་གཞི་བྱུང་བ་དེ་འདྲ་རྩ་བ་ནས་མིན་པའི་སྐོར་སྐུའི་བླ་སྨན་པ་ཚེ་བརྟན་རྡོར་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ལ་འགྲེལ་བརྗོད་གནང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་མཛད་པ་ནས་བཟུང་བསྟུད་མར་ཁུལ་དེར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་ཞིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་།  མཛད་འཆར་ལྟར་ན།  ཟླ་བ་འདིའི་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གྱི་དད་ལྡན་ཆོས་ཞུ་བར་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་
སྩལ་རྒྱུ་ཡིན་པ་དང་། དེ་རིང་ཉིན་གཅིག་སྐུ་ངལ་གསོ་གནང་གིས་སང་ཉིན་ཕྱི་ཚེས་ ༣༠ ཉིན་གྱི་ཞོག་པ་ཕྱག་ཚོད་ ༧ །༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་མུ་མཐུད་སྩལ་རྒྱུ་དང་སྐུའི་མཛད་འཆར་ཐོག་དམིགས་བསལ་འགྱུར་བ་གང་ཡང་ཕྱིན་མེད་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་དང་པ་སངས་ཚེ་རིང༌།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།