ཧོང་ཀོང་ནང་དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་གི་དབང་འཛིན་འོག་འཇིགས་སྣང་གསར་པ།

2020-07-30
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བའི་འོས་བསྡུའི་དྲིལ་བསྒྲགས་ཤིག་གི་སྐབས།
ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བའི་འོས་བསྡུའི་དྲིལ་བསྒྲགས་ཤིག་གི་སྐབས།
ཨེ་ཨེཕ་པི།

ཧོང་ཀོང་ནང་གྲོས་ཚོགས་ཀྱི་འོས་མིར་ལངས་མཁན་ལ་འོས་ཆས་ཚང་གི་མེད་ལུགས་དང་འཛིན་བཟུང་གི་གནས་ཚུལ་ཡོང་བཞིན་པ་དེས་སྐྲག་སྣང་ཇེ་ཆེར་འགྲོ་བཞིན་པ་རེད།

ཧྥ་རན་སིའི་གསར་ལས་ཁང་གིས་ཕྱི་ཚེས་༣༠ཉིན་གནས་ཚུལ་སྤེལ་དོན་ལ་གཞིགས་ན། སྤྱི་ཚོགས་རྒྱུད་ལམ་དུ་གནས་ཚུལ་བཀོད་པར་བསྙད་ནས་སློབ་ཕྲུག་དོན་གཉེར་བ་བཞི་འཛིན་བཟུང་བྱས་པ་དང་མཉམ་དུ་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་མང་གཙོའི་ལས་འགུལ་བའི་སྣེ་ཁྲིད་པ་སྐོར་ཞིག་སླེབས་ལ་ཉེ་བའི་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་ནང་འོས་ཆོས་ཚང་གི་མེད་ལུགས་བཤད་པ་དེས་དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་གི་དབང་འཛིན་འོག་འཇིགས་སྣང་གསར་པ་ཞིག་ཧོང་ཀོང་མི་མང་གི་ཁྲོད་དུ་སླེབས་ཀྱི་ཡོད་པ་རེད།  འདི་ནི་ཧོང་ཀོང་གི་ཕྱེད་རང་སྐྱོང་ཆབ་སྲིད་ལམ་ལུགས་ལ་ཆེས་ཉེ་དུས་བྱུང་བའི་ཕམ་ཁ་ཞིག་ཏུ་གྱུར་ཡོད་པ་རེད།  རྒྱ་ནག་གཞུང་གིས་ཟླ་བ་སྔོན་མར་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལག་བསྟར་བྱས་ནས་གྱེན་ལོག་དང་ཁ་བྲལ་སོགས་ཀྱི་ལས་འགུལ་རིགས་བྱུང་ན་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་གི་ཡོད་པ་བཞིན་ཁྲིམས་གཞི་དེ་ཉིད་ལག་ལེན་དུ་བསྟར་བའི་ཚུན་ནས་མང་གཙོ་དོན་གཉེར་བ་མི་གྲངས་༡༢་ཕྱི་ཟླ་དགུ་བའི་གྲོས་ཚོགས་ཀྱི་འོས་མིའི་འོས་འདེམས་ནང་ཞུགས་རྒྱུའི་ཆ་རྐྱེན་ཚང་གི་མེད་ལུགས་སྐོར་གཟའ་ཕུར་བུའི་ཉིན་ཧོང་ཀོང་གཞུང་ཕྱོགས་ནས་བསྒྲགས་ཡོད་པ་རེད། གནས་ཚུལ་འདིའི་རྐྱེན་གྱིས་ཧོང་ཀོང་གི་མང་གཙོ་དོན་གཉེར་ Joshua Wongལགས་ཀྱིས་པེ་ཅིན་ཕྱོགས་ནས་ཧོང་ཀོང་མི་མང་འདོད་མོས་རྒྱབ་ཏུ་སྐྱུར་ནས་གྲོང་ཁྱེར་གྱི་རང་སྐྱོང་གནས་བབ་ཁྱུར་མིད་གཏོང་གི་ཡོད་ཅེས་རྒྱ་ནག་དབང་འཛིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད།  Joshua Wongགིས་བྱ་སྤྱོད་འདི་ནི་ཧོང་ཀོང་གི་མང་གཙོའི་ལས་འགུལ་ཐོག་དྲག་གནོན་བྱས་པ་ཆེ་ཤོས་དེ་རེད་ཅེས་འགྲེལ་བརྗོད་གནང་འདུག   ཧོང་ཀོང་གཞུང་ཕྱོགས་ནས་བཀྲམས་པའི་འོས་མིའི་ཐོ་གཞུང་ནང་འོས་གཞིར་ལངས་མཁན་གང་ཟག་བྱེ་བྲག་ཅིག་གི་ཆབ་སྲིད་ལངས་ཕྱོགས་ཏེ་པེ་ཅིན་གྱིས་ཧོང་ཀོང་ཐོག་བཀལ་བའི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལ་སྐྱོན་རྒྱག་པ་ཐེ་བའི་ཧོང་ཀོང་གྲོས་ཚོགས་ནང་འཐུས་མིའི་གྲངས་ཀ་མང་ཤོས་ཐོབ་རྒྱུར་འབད་བརྩོན་གནང་མཁན་དང་།   རྒྱ་ནག་གི་བདག་དབང་ངོས་འཛིན་བྱེད་པར་དགག་བྱ་གནང་མཁན་གྱི་རིགས་བཅས་ལ་འོས་མིའི་ཆ་རྐྱེན་ཚང་གི་མེད་ལུགས་གསལ་ཡོད་པར་བརྟེན། ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་སྐམ་སའི་གཞུང་ལས་ཁང་གིས་ཧོང་ཀོང་གཞུང་གི་བྱེད་སྟངས་དེར་དགའ་བསུ་བྱས་ཡོད་ཀྱང་དབྱིན་ཇིའི་ཧོང་ཀོང་གི་སྲིད་སྐྱོང་མཐའ་མ་ Chris Pattenལགས་ཀྱིས་པེ་ཅིན་ཕྱོགས་ནས་བསམ་ཡུལ་ལས་འདས་པའི་ཆབ་སྲིད་ཀྱི་དགྲ་ཤ་ལེན་གྱི་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།