ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་ཚོས་ཡི་ཤུའི་འཁྲུངས་སྐར་ཉིན་མུ་མཐུད་དུ་གཞུང་ལ་ངོ་རྒོལ་བྱས།


2019.12.25
ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་ཚོས་ཡི་ཤུའི་འཁྲུངས་སྐར་ཉིན་མུ་མཐུད་དུ་གཞུང་ལ་ངོ་རྒོལ་བྱས་སྐབས། ༢༠༡༩།༡༢།༢༥ ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་ཚོས་ཡི་ཤུའི་འཁྲུངས་སྐར་ཉིན་མུ་མཐུད་དུ་གཞུང་ལ་ངོ་རྒོལ་བྱས་སྐབས། ༢༠༡༩།༡༢།༢༥
AFP

ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་ཚོས་ཡི་ཤུའི་འཁྲུངས་སྐར་ཉིན་མོར་མུ་མཐུད་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
དེ་ཡང་སྤྱི་ཟླ་༡༢་བའི་ཚེས་༢༥་སྟོན་པ་ཡི་ཤུའི་འཁྲུངས་སྐར་ཉིན་མོར། གང་སར་གུང་སེང་བཏང་ནས་དུས་ཆེན་ལ་རོལ་བཞིན་ཡོད་ཀྱང་ཧོང་ཀོང་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་དམངས་གཙོའི་ལས་འགུལ་བ་ཚོས་དམངས་གཙོའི་དགོས་འདུན་གྱི་འབོད་ཚིག་སྒྲོག་བཞིན། ས་གནས་ཁག་གཅིག་ནང་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། དེ་ནི་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་དྲག་པོའི་གདོང་ཐུག་བྱུང་ནས་ཡུལ་སྐོར་བའི་ས་གནས་གཙོ་བོ་ཞིག་ཏུ་ཉེན་རྟོག་པས་མིག་ཆུ་ཤོར་བྱེད་ཀྱི་དུག་རླངས་ཀྱིས་ཁེངས་བཅུག་པའི་ཉིན་གཉིས་པ་དེ་ཡིན་པ་རེད།
འདས་བའི་ཟླ་ངོ་དྲུག་ལྷག་གི་རིང་ཧོང་ཀོང་ནང་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་མང་ཆེ་བ་ཞི་བའི་ངོ་རྒོལ་ཡིན་ཞིང་། ཉེ་བའི་ཆར་ས་གནས་འོས་བསྡུའི་ཁྲོད་དམངས་གཙོའི་ཕྱོགས་གཏོགས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།
མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་ཁྲོད་པེ་ཅིན་གཞུང་དང་སེམས་ཐག་ཉེ་བའི་ཧོང་ཀོང་གི་འགོ་ཁྲིད་ཚོར་ཕམ་ཁ་བྱུང་ཡོད་པ་ཤེས་རྟོགས་གསལ་པོ་བྱུང་ཡོད་ནའང་ཧོང་ཀོང་གི་འགོ་ཁྲིད་ཚོས་གུ་ཡངས་ཀྱི་རྣམ་འགྱུར་གང་ཡང་མེད་པར། ཐ་ན་དུས་ཆེན་གྱི་འདུ་འཛོམས་ལའང་དྲག་གནོན་གྱི་རྣམ་པ་ཤུགས་ཆེ་རུ་བཏང་སྟེ། འདས་བའི་དུས་སུ་ངོ་རྒོལ་ལས་འགུལ་བྱུང་ཡུལ་ཁག་ཏུ་ཉེན་རྟོག་པས་སྐོར་ནས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་གྱི་རྒྱན་གོས་གོན་མཁན་ལྟ་སྐོར་བ་དང་ཉོ་ཅ་རྒྱག་མཁན་ཚོར་ཡང་འགྲོ་འོང་སྟབས་མི་བདེ་བ་བྱུང་ཡོད་པ་གནས་ཚུལ་ཁག་ནང་བཀོད་འདུག
བརྙན་པར་ཞིག་གི་ནང་མི་ཚོཊ་ཆེ་སའི་(Mong Kok)་ས་གནས་སུ་ཉེན་རྟོག་པ་ཞིག་གིས་ལྟ་སྐོར་བ་སྐྱེས་པ་ཞིག་གི་ཐོག་སི་པན་གྱི་ཟེགས་ཆུ་གཏོར་བ་མ་ཟད། ཁྲོམ་རའི་ཕྱི་རོལ་ཏུ་ཉེན་རྟོག་པ་ཚོས་མི་དེ་འཛིན་བཟུང་བྱས་ཡོད་པ་མཐོང་ཐུབ་ཀྱི་ཡོད་པ་རེད།
ཧོང་ཀོང་ནང་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་མི་གྲངས་བརྒྱ་ཕྲག་མང་པོས་གོས་ནག་པོ་གྱོན་ཞིང་ཁ་རས་གྱོན་ནས་ཁྲོམ་ར་ཁག་ཏུ་ཧོང་ཀོང་ནང་རང་དབང་དགོས་བའི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ས་གནས་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎