ལྷ་སའི་ནང་ཕྱི་རྒྱལ་གསར་འགོད་པ་བསྐྱོད་མི་ཆོག་པ།

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ལྷ་སའི་གནས་སྟངས་པིཡོང་ཡང་ལས་སྡུག་པ་ཡོད་སྐོར་གསུངས་འདུག

2012.02.27

༄༅༎རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་བོད་ནང་ཕྱི་རྒྱལ་གྱི་གསར་འགོད་པ་ཅིག་ཀྱང་བསྐྱོད་མ་ཆོག་པའི་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་པར་ཐུགས་འཚབ་ཆེན་པོ་གནང་བཞག
བདུན་ཕྲག་སྔོན་མའི་ནང་རྒྱལ་མཚམས་མེད་པའི་གསར་འགོད་པའ་མཐུན་ཚོགས་ཀྱིས་སྙན་ཐོ་ཞིག་འགྲེམས་སྤེལ་གནང་ཡོད་པའི་ནང༌། རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་བོད་ནང་རྩ་བ་ནས་མ་བཏང་བའི་ཁར། རྒྱ་ནག་གཞུང་འབྲེལ་གསར་ལམ་Global Timesལྟ་བུ་བེད་སྤྱོད་བཏང་ནས་བོད་ནང་གི་དྲང་བདེན་གནས་ཚུལ་ལ་འཁྱོག་བཤད་བྱས་ཏེ། བོད་ནང་གི་ངོ་རྒོལ་ལ་འགྲེལ་བཤད་ལོག་པ་རྒྱབ་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་བྱུས་བྱེད་ཀྱི་ཡོད་པའི་དོན་མེད་སྐྱོན་འཛུགས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག། རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་འཛམ་གླིང་གི་མཐོང་མ་ཐུབ་པའི་དཀའ་ངལ་ཅན་གྱི་གནས་ཚུལ་ཞིག་བོད་ནང་ཡོང་བཞིན་ཡོད་པ་དང༌། ད་ལྟའི་སྐབས་འདིར་བྱང་ཀོ་རི་ཡའི་རྒྱལ་ས་པིཡོང་ཡེང་ནང་རྒྱལ་སྤྱིའི་གསར་འགོད་པ་ཡོད་ནའང༌། ལྷ་སའི་ནང་དེ་ལྟར་མེད་པ་ནི་བྱང་ཀོ་རི་ཡ་ལས་གནས་སྟངས་ཐབས་སྡུག་པ་རེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎