རྒྱ་ནག་གཞུང་གིས་ལ་དྭགས་དང་ས་འབྲེལ་བོད་ཀྱི་མཐའ་མཚམས་སུ་ཁ་པར་བརྡ་རྟགས་ཀྱི་ལྕོག་མཁར་གསུམ་བཙུགས་འདུག

2022.04.19
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་ལ་དྭགས་དང་ས་འབྲེལ་བོད་ཀྱི་མཐའ་མཚམས་སུ་ཁ་པར་བརྡ་རྟགས་ཀྱི་ལྕོག་མཁར་གསུམ་བཙུགས་འདུག རྒྱ་ནག་གཞུང་གིས་ལ་དྭགས་དང་ས་འབྲེལ་བོད་ཀྱི་མཐའ་མཚམས་སུ་ཁ་པར་བརྡ་རྟགས་ཀྱི་ལྕོག་མཁར་གསུམ་བཙུགས་ཡོད་པ། ༠༤།༡༩།༢༠༢༢
@དཀོན་མཆོག་བསྟན་འཛིན། /twitter

ཉེ་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ལ་དྭགས་ས་འབྲེལ་བོད་ཀྱི་མཐའ་མཚམས་སྤང་གོང་མཚོར་ཟམ་པ་ཞིག་གསར་རྒྱག་བྱས་ཟིན་པ་དང་ད་ཆ་ས་ཁུལ་དེའི་ཉེ་འགྲམ་(Hot Spring)་ཞེས་པ་དེར་ལག་འཁྱེར་ཁ་པར་གྱི་བརྡ་རྟགས་ལྕོག་མཁར་གསུམ་གསར་འཛུགས་བྱས་ཡོད་པ་རྒྱ་གར་གྱི་(Statesman News Service)་ཞེས་པས་ཕྱི་ཚེས་༡༨ཉིན་གནས་ཚུལ་སྤེལ་འདུག
གོང་ཞུས་ཁ་པར་གྱི་བརྡ་རྟགས་ལྕོག་མཁར་གསུམ་གསར་འཛུགས་བྱས་པའི་གནས་ཚུལ་དེ་ལ་དྭགས་ཡུལ་མིའི་ས་གནས་འགོ་འཛིན་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་(Tweeter)་བརྡ་འཕྲིན་ཐོག་འདྲ་པར་དང་བཅས་ཁྱབ་སྤེལ་གནང་ནས། འདིའི་ཐོག་ང་ཚོས་སེམས་ཚབས་བྱེད་དགོས་པའི་གནད་དོན་ཞིག་མ་རེད་དམ་ཞེས་དང་། ངོས་རང་གི་ཁྱབ་ཁོངས་གྲོང་ཚོ་ཁག་བཅུ་གཅིག་ནང་ལག་འཁྱེར་ཁ་པར་དང་འབྲེལ་མཐུད་འཕྲུལ་རིག་(4G)་མཐུན་རྐྱེན་དེ་ཡོད་པ་མ་རེད་ཅེས་གསུང་འདུག
ད་དུང་ཁོང་གིས་རྒྱ་ནག་གིས་ས་མཚམས་ས་ཁུལ་དུ་འཛུགས་བསྐྲུན་གྱི་ལས་གཞི་མང་དག་ཅིག་གསར་སྤེལ་བྱེད་བཞིན་ཡོད་ནའང་ང་ཚོའི་རྒྱ་གར་གྱི་ཕྱོགས་སུ་(4G)་མཐུན་རྐྱེན་མེད་པར་སྡུག་སྐད་རྒྱག་དགོས་ཐུག་གི་ཡོད་པ་རེད་ཅེས་གསུང་འདུག

ladakh kunchuk (2).jpg
དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ལ་དྭགས་ཀྱི་ས་མཚམས་ས་ཁུལ་གྱི་གྲོང་གསེབ་ཁག་ཀྱི་དཀའ་ངལ་གྱི་གནད་དོན་ཁག་ཡང་ཡང་གླེང་སློང་གནང་ཡོད་ཅིང་། ཉེ་བའི་དུས་སྐབས་ཁོང་གིས་རྒྱ་ནག་གིས་ས་མཚམས་ཕྱོགས་སུ་གྲོང་འཚོ་ཞིག་གསར་རྒྱག་བྱས་ཡོད་པའི་འདྲ་པར་ཁག་ཅིག་ཀྱང་འགྲེམས་སྤེལ་གནང་ཡོད་པ་དང་གོང་ཞུས་རྒྱ་ནག་གིས་གསར་རྒྱག་བྱས་པའི་ཁ་པར་གྱི་བརྡ་རྟགས་ལྕོག་མཁར་དེ་དག་རྒྱ་གར་ཕྱོགས་སུ་སོ་བལྟའི་ལས་དོན་ཆེད་བེད་སྤྱོད་བྱེད་རྒྱུ་ཡིན་པའི་སྐོར་གསུང་འདུག
གོང་ཞུས་ཀྱི་གནས་ཚུལ་ཐད་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ལ་དྭགས་མངའ་ཁུལ་གྱི་འགོ་ཁྲིད་མཐོ་ཤོས་(Lt. Governor R.K. Mathur)་དང་། རྒྱ་གར་དབུས་གཞུང་གི་བདེ་སྲུང་བློན་ཆེན་སྐུ་ཞབས་(Rajnath Singh)་རྣམ་པ་གཉིས་ལ་སྙན་སེང་ཞུས་གནང་ཡོད་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།