བློ་བཟང་སངས་རྒྱས་ལགས་དྲན་པ་མི་གསལ་བར་གྱུར་འདུག


2016.11.14
བློ་བཟང་སངས་རྒྱས་ལགས་ཀྱི་ཉེ་པར། ༢༠༡༦།༡༡ བློ་བཟང་སངས་རྒྱས་ལགས་ཀྱི་ཉེ་པར། ༢༠༡༦།༡༡
བོད་འབྱོར།

རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་གློད་གྲོལ་བྱུང་ཡོད་ཀྱང་ཁོང་གི་དྲན་པ་མི་གསལ་བ་དང་སྐུ་གཟུགས་སྐྱོ་བོ་ཡིན་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། མདོ་སྨད་རྔ་བ་རྫོང་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་དེ་སྔོན་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་གིས་ད་བར་དུ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་སྟེ་ཟི་ཁྲོན་མེན་ཡང་བཙོན་ཁང་དུ་བཅུག་ནས་ཟླ་འདིིའི་སྤྱི་ཚེས་༡༢་ཉིན་གྱི་དགོང་མོར་རྒྱ་གཞུང་གི་དམག་མིས་ཁོང་གི་ཁྱིམ་དུ་སྐྱེལ་ཡོད་འདུག
དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་ནི་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ཡིན་འདུག་པ་དང་། ཁོང་གི་སྐྱེས་ཡུལ་ནི་ཆོས་རྗེ་མ་ནས་ཡིན་འདུག་ལ། དེ་སྔོན་སྤྱི་ལོ་༢༠༡༢་ལོར་ཁོང་རྒྱ་གཞུང་གིས་ཉེས་འཛུགས་ཀྱི་འོག་འཛིན་བཟུང་བྱས་བ་ནས་ད་བར་དུ་སྡུག་སྦྱོང་མནར་གཅོད་མྱོང་ཡོད་པ་དང་། ཁོང་གློད་གྲོལ་བཏང་ཁར་ནང་མིར་བརྡ་ལན་ཙམ་ཡང་འབྱོར་མེད་པ་རེད།
དགེ་འདུན་པ་བློ་བཟང་སངས་རྒྱས་ལགས་གློད་གྲོལ་ཐོབ་པ་གོ་མ་ཐག་ཁོང་གི་ཤ་ཉེ་འབྲེལ་དང་གྲོགས་པོ་རྣམས་ཁོང་ལ་མཚམས་འདྲིའི་ཆེད་སོང་ཡོད་པ་དང་། ཁོང་ནི་དེ་སྔོན་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་པའི་སྐབས་སུ་ཞི་རྒོལ་ཁྲོད་མཉམ་ཞུགས་བྱས་ཡོད་འདུག
ཁོང་ནི་དེ་སྔོན་ཐེངས་ཁ་ཤས་ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་མྱོང་ཡོད་པ་དང་། ཁོང་འཛིན་བཟུང་མཐའ་མ་དེ་ནི་ཁོང་གིས་སྐབས་དེར་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་གནང་བཞིན་པའི་བརྙན་སོགས་ཕབ་བཤུས་དང་འགྲེམས་སྤེལ་བྱས་བར་བརྟེན་འཛིན་བཟུང་བྱས་བ་ཡིན་ཚུལ་མང་ཚོིགས་ནས་བརྗོད་བཞིན་ཡོད་འདུག  
ད་ལྟ་ཁོང་བཙོན་ནས་གློད་གྲོལ་བྱུང་ཡོད་ཀྱང་དྲན་པ་མི་གསལ་བ་དང་སྐུ་གཟུགས་གནས་སྟངས་སྐྱོ་བོ་ཡིན་འདུག་ལ་ཁོང་དགོན་ནང་དུ་རང་གི་གྲྭ་ཤག་གི་ནང་དུ་སྡོད་ཀྱི་ཡོད་འདུག།

གསར་འགོད་པ་ཀརྨ་རྡོ་རྗེ་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཐེ་ཝན་གྱིས་རྒྱ་ནག་གི་དམག་དཔོན་ཟུར་པ་ཞིག་ཐེ་པེ་ཉེ་ཁུལ་ནས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎