དེ་རིང་ནས་ཕྱི་རྒྱལ་ཡུལ་སྐོར་བ་ཚོ་བོད་ནང་ཡོང་མི་ཆོག

2016-02-25
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་དམ་དྲག་སྐབས་རྒྱ་ནག་གི་ཉེན་རྟོག་དམག་གིས་ཁང་ཐོག་ནས་སོ་བལྟ་བྱེད་བཞིནཔ།
བོད་ནང་དམ་དྲག་སྐབས་རྒྱ་ནག་གི་ཉེན་རྟོག་དམག་གིས་ཁང་ཐོག་ནས་སོ་བལྟ་བྱེད་བཞིནཔ།
བོད་འབྱོར།

དེ་ཡང་ཨ་རིའི་CNNགསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འདི་ཚེས༢༥ཉིན་ནས་བཟུང་བོད་ནང་བསྐྱོད་རྒྱུར་ཕྱི་ཟླ་གསུམ་པ་བར་བཀག་སྡོམ་བྱེད་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་ཚོར་བ་རྣོ་བའི་དུས་ཚོད་སྐབས་སུ་བོད་གི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བསྐྱོད་རྒྱུར་མཐོང་ཆན་སྤྲོད་རྒྱུ་མཚམས་འཇོག་བྱེད་ཡས་དེ་ནི་༢༠༠༨་ལོ་ནས་ལོ་ལྟར་དུས་ཚོད་ངེས་གཏན་ཞིག་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། དུས་ཚོད་དེའི་སྐབས་བོད་ནང་ངོ་རྒོལ་སོགས་ཟང་ཟིང་གི་དོན་རྐྱེན་ཡོང་རྒྱུར་གཞུང་ཕྱོགས་ནས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་ཡུལ་སྐོར་སྤྲོ་འཆམ་སྣེ་ཤན་གྱི་ཚོང་གཉེར་ཁང་དང་མགྲོན་ཁང་ཚོང་གཉེར་བྱེད་མཁན་ཁག་ཅིག་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་རྒྱུར་དུས་ཚོད་འདིའི་ནང་བཀག་སྡོམ་བྱེད་མིན་ལ་མ་བལྟོས་པར་ ཁོང་ཚོའི་ཚོང་ལ་གནོད་སྐྱོན་གང་ཡང་མེད་པ་དང་། དེ་ནི་རྒྱ་ནག་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་མཁན་ཧ་ཅང་མང་པོ་ཡོད་པ་བརྗོད་ཡོད་འདུག    
དེང་སྐབས་རྒྱ་ནག་རྒྱལ་ནང་ནས་བོད་ནང་ཡུལ་ཁོར་སྤྲོ་འཆམ་དུ་བསྐྱོད་མཁན་མི་འབོར་ཧ་ཅང་མང་པོ་ཡོད་པ་དང་། ཁོང་ཚོ་མང་པོ་ཞིག་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་ཞེན་བྱེད་མཁན་དང་། ད་དུང་མི་འབོར་མང་པོ་ཞིག་ནི་བོད་ཀྱི་ཁོར་ཡུག་དང་དྭངས་གཙང་གི་ཆུ་བོ། རྩ་ཐང་སོགས་ཡུལ་ལྗོངས་ལ་དགའ་མཁན་སོགས་ཡིན་པ་ཞིང་། ཁོང་ཚོ་བོད་ནང་བསྐྱོད་རྒྱུར་དུས་ཚོད་དང་ཆོག་ཆན་སོགས་གང་ཡང་མི་དགོས་པར་རང་མོས་བཞིན་བསྐྱོད་བཅུག་གི་ཡོད་པ་རེད།
ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་བསྐྱོད་དགོས་ཚེ་ངེས་པར་དུ་དམིགས་བསལ་གྱི་མཐོང་ཆན་ཞུ་དགོས་ཀྱི་ཡོད་པ་མ་ཟད། མཐོང་ཆན་ཐོབ་ཀྱང་རང་མོས་བཞིན་བོད་ནང་གང་
་བྱུང་བསྐྱོད་ཆོག་གི་མེད་པ་རེད།
རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནང་ཡོད་པའི་ཡུལ་ཁོར་སྤྲོ་འཆམ་སྣེ་ཤན་ཚོང་གཉེར་ལས་ཁང་གི་ལས་བྱེད་ཤིག་གིས། དུས་ཡུན་གཟའ་འཁོར་ལྔའི་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་བསྐྱོད་རྒྱུར་དམ་དྲག་གི་བཀའ་རྒྱ་འབྱོར་ཡོད་པ་དང་ཡིན་ནའི་དེ་རྗེས་ག་དུས་བཀའ་བརྒྱ་ཕྱིར་བསྡུ་བྱེད་མིན་ཤོད་ཚོད་ཁག་པོ་ཡིན་པ་འགྲེལ་བརྗོད་བྱས་འདུག
གསར་ལམ་ཁག་གིས་ཡུལ་སྐོར་སྤྲོ་འཆམ་སྣེ་ཤན་ཚོང་གཉེར་ཁང་མི་ཉུང་བ་ཞིག་གིས་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་ལུགས་བཤད་ནས་དེའི་སྐོར་ལན་འདེབས་བྱེད་ཀྱི་མེད་པ་རེད།

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།