སྲིད་བློན་མོ་དྷི་ལ་ཡང་བསྐྱར་འོས་བསྡུའི་རྒྱལ་ཁ་ཐོབ་པར་༧གོང་ས་མཆོག་གིས་འཚམས་འཕྲིན་སྩལ།


2019.05.23
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གི་གསུང་འཕྲིན། ༢༠༡༩།༥།༢༤ བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གི་གསུང་འཕྲིན། ༢༠༡༩།༥།༢༤
OHHDL

རྒྱ་གར་གྱི་སྲིད་བློན་ན་རན་དྷརཱ་མོ་དྷི་(modi)མཆོག་ལ་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་པར་༧གོང་ས་མཆོག་གིས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག
རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོ་ཐེངས་བཅུ་བདུན་པའི་འོས་ཤོག་གྲངས་བཤེར་ཟིན་པ་གཞིར་བཟུང་ལྟར་ན།  སྲིད་བློན་མོ་དྷི་མཆོག་གིས་དབུ་ཁྲིད་པའི་སྦི་ཇེ་པི་(BJP)་སྲིད་དོན་ཚོགས་པར་མང་མོས་ཆེན་པོའི་རྒྱབ་སྐྱོར་ཐོབ་ནས་མུ་འཐུད་འབྱུང་རྒྱུར་ལོ་ལྔའི་རིང་གཞུང་འཛིན་གནང་རྒྱུ་ངེས་པ་ཡིན་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་སྲིད་བློན་མཆོག་གི་མཚན་ཐོག་ལ་གསུང་འཕྲིན་སྩལ་བའི་ནང་། སྲིད་བློན་མོ་དྷི་དང་ཁོང་གིས་དབུ་ཁྲིད་པའི་རྒྱ་གར་གྱི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མ་འོངས་ལས་དོན་ལམ་ལྷོངས་ཡོང་བའི་ཐུགས་སྨོན་འཚམས་སྦྱོར་མཛད་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ནས་གོ་སྐབས་འདི་བརྒྱུད་བོད་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་ཞེས་ཞུ་རྒྱུ་ཡིན། རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོས་བཙན་བྱོལ་སྤྱི་ཚོགས་སུ་བོད་པའི་རིག་གཞུང་གཅེས་འཛིན་ཐུབ་ཡོད་ཅེས་བཀའ་གནང་འདུག
ཕྱི་ཟླ་༤པའི་ཚེས་༡༡ ཉིན་ནས་འགོ་བཙུགས་སྟེ་ཕྱི་ཟླ་ ༥ ཚེས་ ༡༩ ་བར་གཟའ་འཁོར་དྲུག་ཙམ་རིང་རྒྱ་གར་གྱི་མངའ་སྡེ་ཆ་བགོས་ཀྱིས་དུས་རིམ་ཚན་པ་བདུན་བགོས་ནས་འཛམ་གླིང་ནང་གི་མང་གཙོའི་འོས་བསྡུ་ཆེ་ཤོས་དེ་གཉེར་ཡོད་ཅིང་། འོས་འཕེན་ཐོབ་ཐང་ཡོད་མཁན་ས་ཡ་ ༩༠༠ ཙམ་ཡོད་པ་ནས་ཐེངས་འདིའི་རྒྱལ་ཡོངས་འོས་བསྡུའི་ནང་འོས་འཕེན་པ་ས་ཡ་ ༦༠༠ ཙམ་གྱི་ཆ་ཤས་བླངས་ཡོད་པ་རེད།
ད་བར་འོས་ཤོག་གྲངས་བཤེར་ཟིན་པར་གཞིགས་ན། རྒྱ་གར་གྱི་སྦི་ཇེ་པི་མནའ་འབྲེལ་ཚོགས་པར་གྲོས་ཚོགས་འོག་མའི་རྩ་འབོར་གྱི་འཐུས་མི་ ༥༤༣ ཡོད་པ་ནས་ ༣༤༩  ཙམ་ཐོབ་ཟིན་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། ཕྱོགས་འགལ་ཀོང་རེསྀ་སྲིད་དོན་ཚོགས་པར་ཁྱོན་འཐུས་མི་ ༡༠༠ ཙམ་གྱི་རྐུབ་སྟེགས་མ་གཏོགས་མ་ཐོབ་པའི་ཚོད་དཔག་བྱེད་བཞིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎