བལ་ཡུལ་སྲིད་བློན་ལས་ཁུངས་ཀྱིས་རོགས་དངུལ་བཞེས་རྒྱུ་མིན་པ།

བལ་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱིས་སྲིད་བློན་ལས་ཁུངས་རང་གི་ལས་དོན་ཆེད་ཕྱི་ཕྱོགས་ནས་རོགས་དངུལ་བཞེས་རྒྱུ་མིན་པའི་གསལ་བསྒྲགས།

2012.12.29

༄༅༎བལ་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱིས་འཆར་ལོ་ནས་བཟུང་སྲིད་བློན་ལས་ཁུངས་རང་གི་ལས་དོན་ཆེད་ཕྱི་ཕྱོགས་ནས་རོགས་དངུལ་བཞེས་རྒྱུ་མིན་ཞིང་། དེ་ནི་ཕྱིའི་ཤུགས་རྐྱེན་འགོག་ཐབས་ཆེད་ཡིན་ལུགས་གསལ་བསྒྲགས་གནང་འདུག    
ང་ཚོས་མ་མཐར་སྲིད་བློན་ལས་ཁུངས་ཀྱི་འགྲོ་གྲོན་གཞན་ནས་རོགས་དངུལ་མ་བླངས་པར་གཏོང་ཐུབ་ཀྱི་ཡོད་པ་བརྡ་ལན་གཏོང་ཆེད་ཕྱི་ནས་རོགས་དངུལ་བཞེས་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་དང་།    གལ་ཏེ་ང་ཚོའི་ལས་དོན་བྱེ་བྲག་པ་གང་ཞིག་གི་ཆེད་མ་དངུལ་དགོས་མཁོ་བྱུང་ན་གཞུང་གི་ལྷན་ཁང་གཞན་ཁག་ནས་རོགས་དངུལ་ལེན་རྒྱུ་ཡིན་ཞེས་སྲིད་བློན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེས་གསལ་བཤད་གནང་འདུག    རྩ་བའི་བལ་ཡུལ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་Madhav Ghimire གིས་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་སྲིད་བློན་ལས་ཁུངས་ཀྱི་རྒྱུན་གྲོན་ཆེད་ཕྱི་ནས་རོགས་རམ་མི་ལེན་རྒྱུའི་ཐག་གཅོད་གནང་ཡོད་ཅིང༌།    ད་ལྟའི་ཆར་ཕྱི་ཕྱོགས་ནས་རོགས་དངུལ་ལེན་མི་ཆོག་པའི་གཞུང་གི་ལས་ཁུངས་ཁག་གི་ཐོ་གཞུང་ཟུར་བཀོད་གནང་བཞིན་པ་རེད།    ཨེ་ཤ་ཡ་འཕེལ་རྒྱས་དངུལ་ཁང་གིས་སྲིད་བློན་ལས་ཁུངས་ཀྱི་ཁོངས་གཏོགས་དྲིལ་བསྒྲགས་དང་འབྲེལ་ལམ་བཟོ་ལས་རིག་རྩལ་གྱི་རྒྱུན་གྲོན་རོགས་རམ་གནང་བཞིན་པ་རེད། ང་ཚོས་གོང་གི་ལས་གཞི་དེ་འབྲེལ་ལམ་ལྷན་ཁང་དང་བསྐྱར་སྒྲིག་བྱ་རྒྱུའི་གྲོས་མོལ་གནང་ཡོད་ཀྱང་ཨེ་ཤ་ཡ་འཕེལ་རྒྱས་ཁང་གི་རོགས་དངུལ་ཇེ་ཉུང་དུ་བཏང་སྟེ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསལ་བཤད་གནང་བར་བརྟེན་བསྐྱར་སྒྲིག་གནང་མེད་པ་དང་།
དེ་མིན་སྲིད་བློན་ལས་ཁུངས་ཀྱི་ཁོངས་གཏོགས་ཕྱིའི་རོགས་དངུལ་ཡོད་པའི་ལས་གཞི་གང་ཡང་མེད་ཅེས་གསལ་བཤད་གནང་འདུག དེ་སྔོན་བལ་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱིས་ཕྱིའི་རོགས་རམ་ཚོགས་པ་འདྲ་མིན་གྱིས་རོགས་དངུལ་བེད་སྤྱོད་བཏང་ཡོད་ཅིང་།  དཔེར་ན།    དབྱིན་ཇིའི་རོགས་རམ་ཚོགས་པ་ཞིག་གིས་ཀྱེ་གཞུང་ཞེས་མི་མང་གིས་གཞུང་ལ་བདེ་སྡུག་འཕྲིན་གཏོང་ཁ་པར་འཛུགས་རྒྱུར་སྲིད་བློན་ལས་ཁུངས་བརྒྱུད་ནས་རོགས་རམ་གནང་ཡོད་པ་དང༌།    ཡང་ཨེ་ཤ་ཡ་ཐེབས་རྩ་ཞེས་པའི་རོགས་རམ་ཚོགས་པས་སྲིད་བློན་ལས་ཁུངས་བརྒྱུད་ནས་ཕོ་མོའི་དབྱེ་འབྱེད་ཀྱི་དྲག་སྤྱོད་འགོག་ཐབས་ཀྱི་ལས་གཞིའི་ཆེད་རོགས་དངུལ་གནང་བ་སོགས་བྱུང་ཡོད་པ་རེད།
ད་ལྟ་གོང་དུ་བལ་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱིས་འཆར་ལོ་ནས་བཟུང་སྲིད་བློན་ལས་ཁུངས་རང་གི་ལས་དོན་ཆེད་ཕྱི་ཕྱོགས་ནས་རོགས་དངུལ་བཞེས་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་གནང་བ་ལྟར།    སྲིད་འཛིན་ལས་ཁུངས་ནས་དེ་དེ་བཞིན་གནང་རྒྱུ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པ་ནས་གཞུང་གཉེར་སློབ་གྲྭར་བཅུག་པའི་སློབ་ཕྲུག་ཚོ་ཕྱིར་འགྲོ་སྐྱོད་མི་ཆོག་པ་སོགས་བཙོན་པ་ལྟ་བུ་བྱས་ཏེ་སློབ་གྲྭའི་ནང་བཅུག་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎