བལ་ཡུལ་གཞུང་གིས་གནམ་གཤིས་འགྱུར་ལྡོག་སྐོར་ཚོགས་འདུ།

བལ་ཡུལ་གཞུང་གིས་རི་བོ་ཇོ་མོ་གླང་མའི་ཉེ་འགྲམ་དུ་གནམ་གཤིས་འགྱུར་ལྡོག་སྐོར་དམིགས་བསལ་བློན་ཆེན་ལྷན་རྒྱས་ཀྱི་ཚོགས་འདུ་ཞིག་གནང་རྒྱུ།

2009-11-29
Share

༄༅༎བལ་ཡུལ་གཞུང་གིས་རི་བོ་ཇོ་མོ་གླང་མའི་ཉེ་འགྲམ་དུ་གནམ་གཤིས་འགྱུར་ལྡོག་སྐོར་དམིགས་བསལ་བློན་ཆེན་ལྷན་རྒྱས་ཀྱི་ཚོགས་འདུ་ཞིག་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག མཐོ་ཚད་མི་ཊར་༥༡༦༤སར་ཡོད་པའི་གོ་རཀ་ཤེབ་ཞེས་པའི་རི་འཕྲོད་དུ་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཞིན་ཉིན་སྐར་མ་ཉི་ཤུའི་རིང་འཚོགས་རྒྱུའི་གནམ་གཤིས་འགྱུར་ལྡོག་ལ་གདོངལེན་གནང་ཕྱོགས་ཀྱི་བློན་ཆེན་ལྷན་རྒྱས་ཀྱི་ཚོགས་འདུ་དེར་སྲིད་བློན་མ་རྡབ་ཀུ་མར་ནེ་བལ་མཆོག་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག ཚོགས་འདུའི་ཐོག་དར་ཆུ་ལ་དང་གོར་རི་ཤང་ཀར་གཉིས་སུ་ཀི་ལོ་མི་ཊར་གྲུ་བཞི་༡༩༠༠བྱས་པའི་ཨ་པི་ནམ་ར་ཞེས་པའི་འཁོར་ཡུག་སྲུང་སྐྱོབ་ལྟེ་གནས་གསར་འཛུགས་ཀྱི་གསལ་བསྒྲགས་གནང་རྒྱུ་ཡིན་འདུག དམིགས་བསལ་གྱི་ཚོགས་འདུ་འདིས་རིང་མིན་སྲིད་བློན་མ་རྡབ་ཀུ་མར་ནེ་བལ་གྱིས་ཀོ་པན་ཧ་གེན་ནང་འཛམ་གླིང་གནམ་གཤིས་ཀྱི་ཚོགས་ཆེན་ཐོག་གནང་རྒྱུའི་གསུང་བཤད་གཏན་འབེབས་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག གོང་ཞུས་འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྒེར་གྱི་སྦྱིན་བདག་ཉི་ཤུ་རྩ་ལྔ་ཡོད་པས་གཞུང་གི་འགྲོ་སོང་རྩ་བ་ནས་གཏོང་དགོས་ཀྱི་མེད་ལུགས་ཤིང་ནགས་དང་བློན་ཆེན་རྡི་པཀ་སྦོ་ཧ་ར་ཡིས་གསར་འགོར་པར་འགྲེལ་བརྗོད་གནང་འདུག ཡང་ཁོང་གིས་ལས་དོན་ཆེན་ཕྱི་རྒྱལ་གྱི་གཞུང་ཁག་གིས་ཀྱང་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་ལྟར་གཞུང་ཚབ་ཁག་ཅིག་ཚོགས་འདུར་གདན་གནང་རྩིས་ཡོད་ལུགས་གསུངས་གནང་འདུག༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།