བོད་དོན་རྒྱབ་སྐྱོར་མུ་མཐུད་དུ་རྒྱུན་སྐྱོང་ཡོང་ཆེད་ཞུ་སྐུལ་གནང་འདུག


2016-12-01
Share
ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Diane Feinstein་མཆོག་དང་མཇལ་མོལ་སྐབས། ༢༠༡༦།༡༡ ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Diane Feinstein་མཆོག་དང་མཇལ་མོལ་སྐབས། ༢༠༡༦།༡༡
tibet.net

ཨ་མི་རི་ཀའི་གཞུང་འཛིན་འཕོ་འགྱུར་གྱི་དུས་སྐབས་དམ་འཛིན་ཐོག་བོད་དོན་རྒྱབ་སྐྱོར་གྱི་ལངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་ཡོང་ཆེད་ཞུ་སྐུལ་བྱས་འདུག
དེ་ཡང་བོད་མིའི་སྒྲིག་འཛུཊ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད། སྤྱི་མཐུན་ཚོཊ་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་ཨ་རིའི་སྲིད་འཛིན་གསར་པར་བདམས་ཐོན་བྱུང་ཡོད་པ་མ་ཟད། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་སྤྱི་མཐུན་ཚོཊ་པའི་འཐུས་མི་མང་ཤོས་ཆགས་ཡོད་པ་རེད།
སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་Donald Trump་ལགས་ཀྱིས་མི་འགྱངས་བར་༢༠༡༧་ལོའི་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ལས་ཁུར་དམ་བཅའ་འབུལ་རྒྱུ་ཡིན་པས། སྲིད་འཛིན་གསར་རྙིང་བར་འཛིན་སྐྱོང་ལས་དོན་དང་། ལས་ཁུངས་ཆེ་ཁག་གི་ལས་བྱེད་བརྗེ་བསྒྱུར་སོགས་འཕོ་འགྱུར་བྱུང་རྒྱུའི་གནད་འགག་ཅན་གྱི་དུས་སྐབས་འདི་དམ་འཛིན་ཐོག་སྔར་བཞིན་སྲིད་གཞུང་གསར་པས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་གནང་ཆེད། ཨ་རི་རྒྱལ་ཡོངས་ཀྱི་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་སྲུང་བརྩིའི་དུས་སྐབས་དང་བསྟུན། ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མཉམ་འབྲེལ་སྒོས་ཨ་རིའི་གྲོས་ཚོགས་གོང་འོག་གི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་གང་མང་ཞིག་དང་མཇལ་འཕྲད་ཀྱིས། ཨ་རིའི་སྲིད་གཞུང་གི་ཕྱི་འབྲེལ་སྲིད་བྱུས་འོག་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལངས་ཕྱོགས་འཛིན་བཞིན་པ་དེ་དག་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་ལགས་ཀྱི་དབུ་ཁྲིད་འོག་མུ་མཐུད་རྒྱུན་སྐྱོང་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག
མཇལ་འཕྲད་ཞུས་པའི་གྲོས་ཚོགས་འཐུས་མི་དེ་དག་གི་གྲས་སུ་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Diane Feinstein་ལགས་ཀྱང་ཡོད་པ་དང་། ཁོ་མོ་ནི་དུས་ཡུན་རིང་བོར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན་ཞིང་། ཐེངས་འདིར་ཡང་ཁོང་གིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག།

གསར་འགོད་པ་རྡོ་རྗེ་འཚོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།