ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག

2025.01.30
ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་བ་གསལ་བསྒྲགས་སྐབས། ༢༠༢༥།༠༡།༣༠
སྒྲིག་བཟོ། /AFP

དེ་ཡང་ཧྥེ་ལིབ་པིན་(Philippines)་གྱི་བདེ་འཇགས་ལས་ཁུངས་ཀྱི་དཔོན་རིགས་ཚོས་གཟའ་ཕུར་བུའི་ཉིན་བརྗོད་དོན་ལྟར་ན། རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ཉེས་འཛུགས་བྱས་པའི་རྒྱ་ནག་གི་མི་སེར་གཞན་ཞིག་ཟླ་འདིར་འཛིན་བཟུང་བྱས་པ་དེ་དང་བསྟུན་ནས་གཞན་རྒྱ་རིགས་སོ་མྱུལ་བ་ལྔ་འཛིན་བཟུང་བཀག་ཉར་བྱས་ཡོད་ཅེས་བརྗོད་འདུག
འཛིན་བཟུང་གི་གནས་ཚུལ་འདི་བཞིན་ཉེ་བའི་ཟླ་ཤས་ནང་ཐབས་ཇུས་ཀྱི་ཐད་ནས་གལ་གནད་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཅན་གྱི་མཚོ་གླིང་གི་དོན་རྐྱེན་ལ་བརྟེན་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་གདོང་ཐུག་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཞིག་རེད།
རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཐོག་བདག་དབང་ཡོད་ཚུལ་དང་རྒྱལ་སྤྱིའི་ཁྲིམས་ཁང་གིས་དེ་ནི་གཞི་རྩ་མེད་པ་ཞིག་ཡིན་སྐོར་ཐག་གཅོད་བྱས་ཡོད། ཧྥེ་ལིབ་པིན་གྱི་གྲོང་ཁྱེར་མ་ནེ་ལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་རྒྱ་རིགས་སོ་མྱུལ་བ་འཛིན་བཟུང་དང་འབྲེལ་བའི་གནས་ཚུལ་ཐད་གསར་འགོད་པས་བཅར་འདྲི་བྱས་ཀྱང་ལན་འདེབས་གང་ཡང་བྱུང་མེད་པ་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་འདུག
དེ་སྔོན་ཡང་ཨ་རི་དང་དབྱིན་ཡུལ་སོགས་རྒྱལ་ཁབ་འདྲ་མིན་ནས་རྒྱ་ནག་གི་གསང་ཉུལ་བ་འཛིན་བཟུང་བྱས་བའི་གནས་ཚུལ་རིམ་པ་བྱུང་ཡོད།།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎