༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་ཐོས་བསམ་སློབ་གཉེར་གནང་གལ་ཆེ་བ་ཀ་ལོན་སྦུག་ནས་བཀའ་གནང་འདུག

2024.03.01
༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་ཐོས་བསམ་སློབ་གཉེར་གནང་གལ་ཆེ་བ་ཀ་ལོན་སྦུག་ནས་བཀའ་གནང་འདུག དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཀ་ལོན་སྦུག་ས་པཎ་མཐོ་སློབ་དུ། ༠༣།༠༡།༢༠༢༤
facebook / Kalimpong Sakya Monastery

འདི་ཚེས་༡ཉིན་རྒྱ་གར་ཀ་ལོན་སྦུག་༧དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དགོན་པའི་ཚོམས་ཆེན་དུ། ས་པཎ་མཐོ་སློབ་དང་ས་པཎ་གཞི་རིམ་འོག་མའི་སློབ་མ་རྣམས་ཀྱི་ལོ་འཁོར་ཡིག་རྒྱུགས་ནང་ཨང་རིམ་ལོན་མཁན་སློབ་མ་རྣམས་ལ་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་དབུས་པའི་ས་སྐྱའི་ཁྲི་འཛིན་དང་། གདུང་སྲས། རྗེ་བཙུན་མ་རྣམས་པ་དང་དགོན་པའི་མཁན་བླ་དགེ་འདུན་པ་ཡོངས་དབུ་བཞུགས་ཐོག་ཕྱག་འཁྱེར་འབུལ་གནང་སོང་། སྐབས་དེར་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་དགོན་པ་གསར་བཞེངས་གནང་རྒྱུའི་དམིགས་ཡུལ་གཙོ་བོ་ནི། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཡིན་པ་དང་། སངས་རྒྱས་ཀྱི་བསྟན་པ་གཙུག་ལག་ཁང་གི་ཕྱིའི་བཀོད་པ་དང་སྐུ་གསུང་ཐུགས་རྟེན་གྱི་ཐོག་མིན་པར་གཙོ་བོ་ཐོས་བསམ་སློབ་གཉེར་བྱ་རྒྱུ་དེ་གལ་ཆེན་ཡིན། ཁྲི་འཛིན་ཞེ་གཉིས་པ་མཆོག་གིས་ཐུགས་འཁུར་ཆེ་བཞེས་འོག་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས་པ་ཙམ་དུ་མ་ཟད། བཤད་གྲྭ་དང་སློབ་གྲྭ་ཟུར་དུ་གསར་བཙུགས་གནང་ནས་སློབ་མ་ཚོའི་ཤེས་ཡོན་གྱི་གནད་ཚད་ཡག་པོ་སོན་ཡོད་པ་དང་། ལྷག་པར་དུ་སློབ་མ་ཚོས་ངོས་ནས་ལག་ཁྱེར་དང་གོ་གནས་ཐོབ་ཡག་ཙམ་མིན་པར་མུ་མཐུད་ནས་རྒྱུན་རིང་པོར་སློབ་སྦྱོང་བྱས་ནས་རང་གཞན་གཉིས་ཀར་ལ་ཕན་པ་སྒྲུབ་ཐུབ་པ་ཞིག་བྱ་དགོས། མ་འོངས་པར་བཤད་གྲྭ་འདི་བཞིན་བོད་ནང་གི་རྒྱ་ཆེ་བའི་བཤད་གྲྭ་ཁག་དང་མཉམ་པར་མཁས་པ་མང་པོ་ཞིག་ཐོན་ཐུབ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་ཞིག་གནང་ཐུབ་པ་ཞིག་དགོས་སྐོར་བཀའ་སྩལ་སོང་།

Sakya Monastery Kalimpong (2).jpg
ཀ་ལོན་སྦུག་དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དགོན་པའི་ས་པཎ་གཞི་རིམ་སློབ་གྲྭའི་ནང་ད་སྐབས་ཁྱོན་སློབ་མ་༡༣༨དང་། དགེ་རྒན་ལས་བྱེད་༡༢ཙམ་ཡོད་འདུག་པ་དང་། སློབ་གྲྭ་འདིའི་ནང་བོད་ཡིག་གཙོས་དབྱིན་ཡིག་དང་། ཨང་རྩིས། ཚན་རིག་དང་བལ་པོའི་སྐད་ཡིག་སོགས་སློབ་ཁྲིད་གནང་གི་ཡོད་སྐོར་སློབ་གྲྭའི་སློབ་སྤྱི་ཚེ་རིང་ཆོས་སྐྱབས་ལགས་ཀྱི་གསུངས་བྱུང་།
དཔལ་ས་སྐྱའི་ཆོས་གྲྭ་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དགོན་པའི་ནང་བོད་མི་དང་ལྷག་པར་དུ་ཀ་རྡོར་སྒང་གསུམ། འབྲུག བལ་ཡུལ་ཁུལ་གྱི་ཡུལ་མི་ནང་པ་མང་པོ་ཞིག་ལ་ནང་ཆོས་ལ་སློབ་གཉེར་དང་མཉམ་དུ་དེང་དུས་ཀྱི་ཤེས་ཡོན་སྦྱང་རྒྱུའི་གོ་སྐབས་སྤྲོད་བཞིན་ཡོད་འདུག


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎