སྲིད་སྐྱོང་མཆོག་གིས་ལྡི་ལིར་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་མཇལ་མོལ་གནང་འདུག

2021.09.13
སྲིད་སྐྱོང་མཆོག་གིས་ལྡི་ལིར་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་མཇལ་མོལ་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རན་རི་ཇེ་ཇུ་(Shri Kiren Rijiju Ji)་ལགས་གཉིས་མཇལ་མོལ་སྐབས། ༩།༡༣།༢༡
tibet.net

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྡི་ལིར་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་དང་ཤེས་རིག་བློན་ཆེན་ལས་ཁང་གི་ཟུང་འབྲེལ་དྲུང་ཆེ་བཅས་དང་མཇལ་མོལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཚེས་༡༣་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རན་རི་ཇེ་ཇུ་(Shri Kiren Rijiju Ji)་ལགས་སུ་འཚམས་ཞུའི་མཇལ་འཕྲད་གནང་ཡོད་པ་དང་། དེའི་རྗེས་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁང་གི་ཟུང་འབྲེལ་མཆོག་དང་མཇལ་འཕྲད་ཀྱིས་གཙོ་བོ་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ལྷག་མ་དྲུག་རྩིས་ལེན་ཕྱོགས་དང་འབྲེལ་བའི་ཐད་བཀའ་མོལ་གནང་ཡོད་པ། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱི་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྐབས་དེར་གཙོ་བོ་སྲིད་སྐྱོང་མཆོག་ད་རེས་རྒྱ་གར་དབུས་གཞུང་ནས་རྩིས་སྤྲོད་གཏན་འཁེལ་བའི་བོད་སློབ་ལྷག་མ་དྲུག་གི་ནང་དངོས་སུ་ཕེབས་ནས་རྟོགས་ཞིབ་གནང་བའི་གནས་སྟངས་སྤྱི་དང་། རྒྱ་གར་གྱི་དགེ་རྒན་ཚོས་སྲིད་སྐྱོང་མཆོག་ལ་ཞུས་པའི་དཀའ་ངལ་ཁག་གི་སྐོར་ལའང་སྙན་གསེང་ཞུས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེ་རེས་སྲིད་སྐྱོང་མཆོིག་གིས་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་ལས་ཁང་གི་ཟུང་འབྲེལ་དྲུང་ཆེ་དང་། བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་མཆོག་གི་གཙོས། བོད་སློབ་འཛིན་ཚོགས་སྡེ་ཚན་གྱི་ངེས་སྟོན་པ་དང་། ངེས་སྟོན་པ་གཞོན་པ་གཉིས་སོགས་དང་མཇལ་འཕྲད་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་རེད་འདུག
སྲིད་སྐྱོང་མཆོག་གིས་ཉེ་སྔོན་ལ་དྭགས་སུ་འཚམས་གཟིགས་གྲུབ་པའི་རྗེས་སུ། ཊལ་ཧོ་སི་གཏན་སློབ་ལ་གཟིགས་སྐོར་དུ་ཕེབས་ཡོད་ཅིང་། དེ་ནས་འདི་ཚེས་༦་ཉིན་ནས་བཟུང་སིམ་ལ་གཏན་སློབ་དང་། ཧ་སྤར་སྤུར་གཏན་སློབ། མ་སུ་རི་གཏན་སློབ། རྡོར་གླིང་གཏན་སློབ། ཀ་ལིང་སྤོང་གཏན་བཅས་ལ་གཟིགས་སྐོར་གནང་རྗེས་འདི་ཚེས་༡༢་ཉིན་ལྡི་ལིར་ཕེབས་འབྱོར་གྱིས་འབྲེལ་ཡོད་རྒྱ་གར་གཞུང་གིས་དཔོན་རིགས་ཁག་དང་མཇལ་འཕྲད་གནང་བཞིན་པ་དང་། འདི་ཚེས་༡༤་ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎