སྲིད་སྐྱོང་མཆོག་གིས་ཧྥ་རན་སིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

2023.12.01
སྲིད་སྐྱོང་མཆོག་གིས་ཧྥ་རན་སིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧྥ་རན་སིའི་ནང་གསར་ལམ་ཁག་གི་བཅར་འདྲི་དྭང་ལེན་དང་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་དང་མཇལ་འཕྲད་གནང་སྐབས། ༡༢།༠༡།༢༠༢༣
མཐུན་འགྱུར་པར་རིས། /Office of Tibet

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། སྤྱི་ཟླ་༡༡པའི་ཚེས་༣༠ཉིན་(Austria)་རྒྱལ་ས་(Vienna)་ནས་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས། ཧྥ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མི་མང་ཚོགས་ཀྱིས་ཕེབས་བསུ་ཞུས་འདུག
སྲིད་སྐྱོང་མཆོག་དང་མཉམ་དུ་ཡོད་པ་སྦརཱ་ཛིལ་སི་(Brussels)བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདི་ཚེས་༡ ཉིན་ཧྥ་རན་སི་ས་གནས་ཀྱི་གསར་འཕྲིན་དང་། རླུང་འཕྲིན། བརྙན་འཕྲིན་ལས་ཁུངས་ཁག་ཅིག་གི་གསར་འགོད་པའི་བཅར་འདྲིར་དྭང་ལེན་གནང་བ་དང་། དེ་ནས་ཉིན་རྒྱབ་ཧྥ་རན་སིའི་དོན་གཅོད་ཁང་དུ་རྒྱལ་ས་(Paris)་ཉེ་འཁོར་གྱི་ཆོས་ཚོགས་ཁག་གི་སྐུ་ཚབ་འཐུས་མི་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་གསུངས་བྱུང་།
མཛད་འཆར་ལྟར་ན། སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༢ཉིན་ཧྥ་རན་སི་ནང་གི་ས་གནས་བོད་མི་མང་ཚོགས་ལ་བོད་དོན་གསུང་བཤད་གནང་གི་ཡོད་པ་རེད་འདུག
སྤྱི་ཟླ་༡༡པའི་ཚེས་༢༩ཉིན་སྲིད་སྐྱོང་མཆོག་གིས་ཨའོསི་ཊིརི་ཡའི་(Austria)་རྒྱལ་ཡོངས་གསར་ཁང་གཙོས་གསར་འགྱུར་བརྒྱུད་ལམ་ཁག་གསུམ་གྱི་བཅར་འདྲི་དྭང་ལེན་གནང་བ་དང་། ཉིན་རྒྱབ་(Save Tibet)་ཞེས་བོད་སྐྱོབ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཙོ་ཟུར་པ་(Amala ZIMMERMANN)་ལགས། ཚོགས་མི་(Karl LEITNIER)་ལགས་བཅས་དང་མཇལ་འཕྲད་གནང་བ། དེའི་རྗེས་བོད་རིགས་ཚོགས་པའི་རྒྱུན་ལས་རྣམ་པ་ལྷན་དུ་མཇལ་འཛོམས་དང་། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་གཞོན་སྐྱེས་ཚོགས་མི་དང་ཟུར་དུ་མཇལ་འཛོམས་གནང་བའི་རྗེས། ཕྱི་དྲོ་ས་གནས་བོད་མི་མང་ཚོགས་ལ་གསུང་བཤད་སོགས་གནང་ཡོད་པ་ཁུལ་དེའི་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་ཐུབ་བསྟན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་བོད་མི་མང་པོ་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎