བཀའ་ཤག་སྐབས་བཅོ་ལྔ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་ལམ་བརྒྱུད་ཐོན་མཇལ་ཞུས་ཡོད་པ་རེད།

2021.05.28
Share on WhatsApp
Share on WhatsApp
བཀའ་ཤག་སྐབས་བཅོ་ལྔ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་ལམ་བརྒྱུད་ཐོན་མཇལ་ཞུས་ཡོད་པ་རེད། ༢༠༢༡།༥།༢༨། བཀའ་ཤག་སྐབས་བཅོ་ལྔ་པས་ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་པ་སངས་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་ལམ་བརྒྱུད་ཐོན་མཇལ་ཞུས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས།

དེ་ཡང་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་གིས་གཙོས་ཕྱག་སྦྲེལ་བཀའ་ཟུར་རྣམ་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་གིས་གཙོས་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པར་དམིགས་བསལ་མཇལ་ཁ་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་གིས་གཙོས་བཀའ་ཤག་སྐབས་བཅོ་ལྔ་བའི་བཀའ་བློན་རྣམ་པས་ཧུར་ཐག་གིས་ཞབས་འདེགས་བསྒྲུབས་པར་རྗེས་སུ་ཡི་རང་དང་། ད་དུང་ཡིན་ཡང་སེམས་ཤུགས་མ་ཆགས་པར་མུ་མཐུད་བོད་སྤྱིའི་དོན་དུ་ཞབས་ཞུ་ཧུར་ཐག་ཞུ་དགོས། ཞེས་བཀའ་སློབ་གནང་ཡོད་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་དགུང་ལོ་ ༡༡༠ ལྷག་འཚོ་བཞུགས་ཐུབ་པའི་ཐུགས་སྨོན་བསྐྱོན་གྱི་ཡོད་ཅིང་། གང་ཉིད་སྐུ་ཚེ་ཡུན་རིང་བརྟན་ན་གཞིས་བྱེས་བོད་མི་ཡོངས་ལ་ཕན་གྱི་ཡོད་པ་བཀའ་སློབ་བསྩལ་གནང་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་གིས་འདས་པའི་ལས་ཡུན་ལོ་བཅུའི་རིང་ཕྱག་ལས་ཧུར་ཐག་གནང་ཡོད་པར་རྗེས་སུ་ཡི་རང་དང་། རྒྱ་གར་གྱི་ནཱ་ལེནྡྲའི་གནའ་བོའི་རིག་གཞུང་དེ་དག་དེང་དུས་སྤྱི་ཚོགས་ནང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་སྟབས། སྲིད་སྐྱོང་ཟུར་པ་བློ་བཟང་སེངྒེ་མཆོག་གིས་དེའི་ཐད་ཐུགས་ཁུར་མང་ཙམ་བཞེས་དགོས་པ་སོགས་བཀའ་སློབ་ཕེབས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
སྤྱི་ཟླ་༥་པའི་ཚེས་༢༧་རེས་གཟའ་ཕུར་བུའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་བཅས་ལྷན་འཛོམས་ཐོག་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་ལས་འཁུར་དང་གསང་རྒྱའི་དམ་འབུལ་བཞེས་ནས་ལས་དོན་དངོས་འགོའཛུགས་གནང་ཡོད་པ་རེད། སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་གསར་པའི་དམ་འབུལ་སྐབས་དྲ་ལམ་བརྒྱུད་ནས་སྲིད་སྐྱོང་གསར་པར་འཚམས་འདྲི་དང་སྲིད་སྐྱོང་རྙིང་པར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་བསྩལ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎