༧གོང་ས་མཆོག་གིས་ཕི་ལི་པིན་སྲིད་འཛིན་ལ་གསུང་འཕྲིན།

༧གོང་ས་མཆོག་གིས་ཕེ་ལི་པིན་ནང་ཆུ་ལོག་གི་གནོད་ཚེ་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པའི་གནས་ཚུལ་འདུག

2011-12-23
Share

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕེ་ལི་པིན་ནང་ཆུ་ལོག་གི་གནོད་ཚེ་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པའི་སྐོར་བོད་མིའི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཉེ་ལམ་ལྷོ་ཕྱོགས་ཕི་ལི་པིན་གྱི་མིན་ཌ་ནའོ་ས་ཁུལ་དུ་ཆུ་ལོག་ཤུགས་ཆེ་བྱུང་སྟེ་མི་མང་པོའི་ཚེ་སྲོག་ཤོར་ཡདོ་པ་མ་ཟད་ ཁང་ཁྱིམ་དང་སྒོ་ཕྱུག་སོགས་ལ་གོད་ཆག་ཧ་ཅང་ཚབས་ཆེ་ཕོག་པར་བརྟེན་ ཕྱི་ཚེས་༢༢གཟའ་ཕུར་བུའི་ཉིན་༧གོང་ས་༧སྐྱབས་མགོན ཆེན་པོ་མཆོག་གིས་ཕི་ལི་པིན་གྱི་སྲིད་འཛིན་བྷེ་ནིག་ནོ་ཨ་ཀི་ནོ་གསུམ་པ་མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་ཡོད་ཅིང་ དེའི་ནང་ཐེངས་འདིར་ ལྷོ་ཕྱོགས་ཕི་ལི་པིན་གྱི་མིན་ཊ་ནོའོ་ཁུལ་དུ་དེ་སྔ་བྱུང་མྱོང་མེད་པའི་ཆུ་ལོག་གི་གོད་ཆག་ཚབས་ཆེའི་འོག་ཡུལ་མི་མང་པོའི་ཚེ་སྲོག་ཤོར་བ་དང་  ཁང་ཁྱིམ་དང་སྒོ་ཕྱུགས་སེམས་ཅན་སོགས་ལ་གོད་ཆག་ཧ་ཅང་ཚབས་ཆེ་ཕོག་པར་ངོས་རང་བློ་ཕམ་ཆེན་པོ་བྱུང་  གོང་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་དང་ རྗེས་ཤུལ་ནང་མི་སྤུན་མཆེད་དང་གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེས་ཞུ་རྒྱུ་མ་ཟད་ ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་མྱུར་དུ་དཀའ་ངལ་ལས་གྲོལ་ཆེད་སྨོན་ལམ་འདེབས་པ་དང་ཆབས་ཅིག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མཚོན་ཆེད་ ཏྭ་ལའི་བླ་མའི་ཐེབས་རྩ་བརྒྱུད་ངལ་སེལ་ལས་གཞིར་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།