༸གོང་ས་མཆོག་ནས་ཆོས་ལུགས་ཀྱི་ཚོགས་འདུའི་དབུ་འབྱེད།

༸གོང་ས་མཆོག་གིས་ཟླ་བ་དང་པོའི་ཚེས་དྲུག་ཉིན་འཛམ་གླིང་ཆོས་ལུགས་ཀྱི་བཞུགས་མོལ་ཚོགས་འདུའི་དབུ་འབྱེད་གནང་རྒྱུ་ཡིན་པའི་གནས་ཚུལ།
2008-12-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་གསར་པའི་ཟླ་བ་དང་པོའི་ཚེས་དྲུག་ཉིན་འཛམ་གླིང་ཆོས་ལུགས་ཀྱི་བཞུགས་མོལ་ཚོགས་འདུའི་དབུ་འབྱེད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་མངའ་སྡེ་གུ་ཅུ་ར་ཐི་ཡི་ས་གནས་མ་ཧུ་ལྦ་ས་གནས་སུ་རྒྱལ་སྤྱིའི་ཞི་བདེདང་མཐུན་བསྒྲིལ་ཆེད་འཛམ་གླིང་གི་ཆོས་ལུགས་ཁག་གི་བཞུགས་མོལ་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་རྒྱུ་ཡིན་པ་དང་བསྐོང་ཚོགས་གནང་མཁན་གཙོ་བོ་གུ་ཅུ་ར་ཐི་ནང་བཞུགས་མཁན་ཧིན་རྡུ་མཁས་དབང་རཱམ་ཀ་ཐ་ཀར་མོ་ར་རི་སྦ་པུ་ཡིན་པ་དང་ཁོང་གིས་བསྐོང་ཚོགས་གནང་བའི་འཛམ་གླིང་གི་ཆོས་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་དེ་ལོ་གསར་པའི་ཟླ་བ་དང་པོའི་ཚེས་དྲུག་ནས་འགོ་བཙུགས་ནས་ཉིན་གྲངས་དྲུག་གི་རིང་དུ་ཚོགས་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད་འདུག བོད་ཀྱི་ཕ་ཡུལ་དྲ་རྒྱའི་ནང་གནས་ཚུལ་བཀོད་དོན་ལྟར་ན་འཛམ་གླིང་ཆོས་ལུགས་ཀྱི་ཚོགས་ཆེན་ཐོག་འཛམ་གླིང་གི་ཆོས་ལུགས་ཁག་གི་སྙན་གྲངས་ཅན་གྱི་དབུ་ཁྲིད་མང་པོས་གསུང་བཤད་གནང་རྒྱུ་ཡིན་པ་དང་ཉིན་དང་པོའི་དབུ་འབྱེད་ཀྱི་མཛད་སྒོའི་གསུང་བཤད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧིན་རྡུ་བླ་མ་མོ་ར་རི་སྦ་པུ་གཉིས་ཀྱིས་གནང་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་གྲུབ་ཡོད་པ་རེད་འདུག དེ་ནས་ཕྱི་ཚེས་བདུན་ནས་བཅུ་གཅིག་བར་གྱི་མཛད་རིམ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་ཁ་ཆེའི་ཆོས་ལུགས་ཀྱི་མཁས་དབང་དང་ཧིན་རྡུ་དང་ཡེ་ཤུ།ཛོ་རོ་ཨེསི་ཀྲི་རིཡེན་ཆོས་ལུགས་ཀྱི་མཁས་དབང་ཁག་གི་གསུང་བཤད་གནང་རྒྱུ་ཡིན་པ་རེད་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་དྲུག་ཉིན་དབུ་འབྱེད་ཀྱི་གསུང་བཤད་གནང་གྲུབ་མཚམས་སུ་གནས་མཆོག་ལྦ་ར་ན་སིར་ཆིབས་བསྒྱུར་གནང་ནས་བོད་ཀྱི་མཐོ་སློབ་ཁང་དུ་སྒོམ་རིམ་བར་པ་དང་བྱང་ཆུབ་ལམ་སྒྲོན་གཉིས་ཀྱི་བཀའ་ཆོས་བཀྲིན་བསྐྱངས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།