བཀའ་སྤྱི་གཉིས་ཀྱིས་མཉམ་དུ་ལྡི་ལིར་ཉིན་གསུམ་རིང་བོད་དོན་ཞུ་སྐུལ་གནང་འདུག

2023.06.07
བཀའ་སྤྱི་གཉིས་ཀྱིས་མཉམ་དུ་ལྡི་ལིར་ཉིན་གསུམ་རིང་བོད་དོན་ཞུ་སྐུལ་གནང་འདུག བཀའ་སྤྱི་གཉིས་ཀྱིས་མཉམ་དུ་ལྡི་ལིར་ཉིན་གསུམ་རིང་བོད་དོན་ཞུ་སྐུལ་གནང་སྐབས། ༠༦།༢༠༢༣
CTA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་མཉམ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཟླ་བ་འདིའི་ཚེས་༥ནས་༧བར་ཉིན་གསུམ་རིང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཐེངས་འདིའི་ཞུ་སྐུལ་སྐབས། བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ཕྱི་དྲིལ་བཀའ་བློན་མཆོག་བཅས་ཀྱིས་སྡེ་ཚན་རེ་རེ་སྣེ་ཁྲིད་གནང་སྟེ། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རི་དང་། ཡོ་རོབ། ཅེག་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ཝི་ནི་ཡ། ཐེ་ཝན། ཨེ་ཤེ་ཡ་ཁུལ་སོགས་ཀྱི་རྒྱལ་ཁབ་ཁག་༡༧གྱི་གཞུང་ཚབ་ཁང་དུ་ཆེད་བཅར་གྱིས། གཞུང་ཚབ་ཆེན་མོ་དང་ཡང་ན་གནད་ཡོད་ལས་བྱེད་རྒན་གྲས་མང་པོ་ཞིག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་། སྲིད་དོན་ཚོགས་པ་ཁག་གི་ལས་ཁུངས་སུ་ཆེད་བཅར་གྱིས་བོད་ཀྱི་གནད་དོན་ཐོག་གོ་བསྡུར་དང་ཞུ་སྐུལ་གནང་ཡོད་པ་དང་། གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། བོད་ཀྱི་ཁོར་ཡུག་སོགས་ཀྱི་གནད་དོན་དང་འབྲེལ་ནས་ཡིག་ངག་གཉིས་ཀྱི་ཐོག་ནས་ཞུ་སྐུལ་གནང་ཡོད་པ། ཚེས་༧ཉིན་བོད་དོན་ཞུ་སྐུལ་གྱི་མཇུག་སྡོམ་གསར་འགོད་གསལ་བསྒྲགས་སྐབས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་དུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་ཡོད་པ་རེད།

Tibetan Leaders Meet World Top Diplomats in New Delhi (3).jpeg
ད་རེས་བཀའ་སྤྱི་གཉིས་ཀྱི་བོད་དོན་ཞུ་སྐུལ་ལས་འགུལ་སྐབས་རྒྱལ་ཁབ་ཁག་༡༧ཙམ་གྱི་གཞུང་ཚབ་ཁང་ལ་བཅར་བའི་ཁྲོད་རྒྱལ་ཁབ་ཁག་ཁག་ཅིག་གི་གཞུང་ཚབ་དང་མཇལ་འཕྲད་བྱུང་བ་ནི་ཐེངས་དང་པོ་ཡིན་པ་རེད་འདུག

Tibetan Leaders Meet World Top Diplomats in New Delhi (2).jpeg


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་མི་སེར་གཉིས་ཀྱིས་ཞི་བའི་ལས་འགུལ་ལ་བར་ཆད་བཟོས་རྗེས་ཐེ་ཝན་ནས་ཕྱིར་ཕུད་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་དམ་དྲག་ཡོད་རྐྱེན་རྒྱ་གར་བ་ཚོས་ཐད་འཕུར་གནམ་གྲུ་བརྒྱུད་བར་སྣང་ནས་གངས་རིན་པོ་ཆེར་མཇལ་ཐབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎