བོད་ནང་མི་རིགས་རྩ་མེད་བཟོས་པའི་ཁྲིམས་གཏུག་ཐད་བགྲོ་གླེང་།


2017.06.21
ཨ་རིའི་བྷོ་སི་ཀྲོན་ཁྲིམས་ཀྱི་གཙུག་ལག་སློབ་གྲ་ཆེན་མོའི་ནང་སི་པན་རྒྱལ་ཁབ་གྱི་ཆེས་མཐོའི་ཁྲིམས་ཁང་ནང་བོད་ནང་མི་རིགས་རྩ་མེད་བཟོས་པའི་ཁྲིམས་གཏུག་སྐོར་བཞུགས་མོལ་བགྲོ་གླེང་སྐབས། ༢༠༡༧།༦།༢༠ ཨ་རིའི་བྷོ་སི་ཀྲོན་ཁྲིམས་ཀྱི་གཙུག་ལག་སློབ་གྲ་ཆེན་མོའི་ནང་སི་པན་རྒྱལ་ཁབ་གྱི་ཆེས་མཐོའི་ཁྲིམས་ཁང་ནང་བོད་ནང་མི་རིགས་རྩ་མེད་བཟོས་པའི་ཁྲིམས་གཏུག་སྐོར་བཞུགས་མོལ་བགྲོ་གླེང་སྐབས། ༢༠༡༧།༦།༢༠
TAI

ཨ་རིའི་བྷོ་སི་ཀྲོན་ཁྲིམས་ཀྱི་གཙུག་ལག་སློབ་གྲ་ཆེན་མོའི་ནང་སི་པན་རྒྱལ་ཁབ་གྱི་ཆེས་མཐོའི་ཁྲིམས་ཁང་ནང་བོད་ནང་མི་རིགས་རྩ་མེད་བཟོས་པའི་ཁྲིམས་གཏུག་སྐོར་བཞུགས་མོལ་བགྲོ་གླེང་གནང་འདུག
དེ་ཡང་ཕྱི་ཟླ་༦པའི་ཚེས་༢༠་གཟའ་མིག་དམར་ཉིན། ཨ་རིའི་བྷོ་སི་ཀྲོན་གཙུག་ལག་སློབ་ཆེན་དེའི་ཚོགས་ཁང་དུ། བགྲོ་གླེང་ཚོགས་འདུ་དེའི་ཐོག་གཏམ་བཤད་བྱེད་མཁན་སི་པན་བོད་དོན་རྒྱལ་སྐྱོར་ཚོགས་པའི་ཚོགས་གཙོ་(Alan Cantos)་དང་། བྷོ་སི་ཀྲོན་ཁྲིམས་ཀྱི་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་Robert Sloane, Susan Akram་དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་བཅས་མཉམ་ཞུགས་གནང་ཡོད་འདུག
བགྲོ་གླེང་ཚོགས་འདུ་དེའི་བརྗོད་གཞི་ནི་བོད་དོན་ཆེད་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཞུ་གཏུག་ལས་འགུལ་ཀྱི་གོ་སྐབས་དང་ཚད་གཞི་ཞེས་པ་ཡིན་ཞིང་། བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲིས་མཐོང་ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད།
བགྲོ་གླེང་ཚོགས་འདུ་དེའི་ཐོག་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ཁྲིམས་གཏུགས་ཀྱི་སྔ་ཕྱི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བ་དང་། དེ་བཞིན་མ་འོངས་པའི་གོ་སྐབས་དང་དེ་བཞིན་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ཁྲིམས་གཏུགས་གྱི་ཁྱབ་ཚད་དང་དེའི་སྐྱོན་ཆ་སྐོར་ཡང་གླེང་ཡོད་པ་རེད། སྐབས་དེར་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་ལགས་ཀྱིས་ད་ལྟའི་བོད་ནང་ཆབ་སྲིད་བཙོན་པའི་ཡ་ང་བ་འི་གནས་སྟངས་སྐོར་ངོ་སྤྲད་ཀྱང་གནང་ཡོད་ཅིང་། བགྲོ་གླེང་ཚོགས་དེ་སྤྱི་ཚོགས་དྲ་ལམ་བརྒྱུད་ཐད་གཏོང་སྐབས་བལྟ་མཁན་དང་མཆན་རྒྱག་མཁན་ཡང་གང་འཚམས་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་པའི་ཉེས་འཛུགས་བྱས་ཏེ་སི་པན་ཡུལ་གྱི་ཁྲིམས་ཁང་ལ་དེ་སྔ་ཞུ་གཏུགས་བྱས་པར་རྒྱལ་ཁ་ཐོབ་པའི་གནས་ཚུལ་བྱུང་བ་དང་། དེ་ནས་རྒྱ་ནག་གཞུང་གིས་སི་པན་གྱི་གཞུང་ལ་གནོན་ཤུགས་སྤྲད་དེ་མཐར་ཡུལ་དེའི་ཁྲིམས་གཞི་ལ་འགྱུར་བ་བཏང་སྟེ་བོད་དོན་གྱོད་གཞི་དེ་བརྩི་མེད་དུ་བཏང་ཡོད།
འོན་ཀྱང་མུ་མཐུད་ནས་ཁྲིམས་གཏུག་བྱས་བ་ལྟར། འདི་ལོ་ཁྲིམས་ཁང་གིས་དེ་ལ་བདག་སྤྲོད་གནང་སྟེ་གྱོད་གཞི་དེའི་ཐད་བསྐྱར་ཞིབ་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་སི་པན་བོད་ཁང་གི་འགན་འཛིན་རྒན་ཐུབ་བསྟན་དབང་ཆེན་ལགས་ཀྱི་འདི་ག་རླུང་འཕྲིན་ཁང་ལ་བརྗོད་ཡོད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎