ས་ཡོམ་རྗེས་སྟེང་ཆེན་ནས་མི་གྲངས་ཁྲི་གཅིག་གནས་སྤོ་དགོས་བྱུང་བ།

2016-05-13
གློག་འཕྲིན།
མཆན།
Share
པར་བཀོད།
ཆབ་མདོ་སྟེང་ཆེན་རྫོང་ཕྱོགས་ཀྱི་ས་ཁྲ།
ཆབ་མདོ་སྟེང་ཆེན་རྫོང་ཕྱོགས་ཀྱི་ས་ཁྲ།
Photo: RFA

ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྐ་དགའ་ཐང་ཕྱོགས་སུ་ཚད་རིམ་ལྔ་དང་གྲངས་ཆུང་ལྔ་ཅན་གྱི་ས་ཡོམ་རྒྱབ་ནས། དེ་ཁུལ་གྱི་མི་མང་ཁྲི་གཅིག་ལྷག་ཙམ་ཞིག་ཉེན་ཡོལ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་རེད།
དེ་ཡང་ཚེས་༡༡ཉིན། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དགའ་ཐང་ཕྱོགས་སུ། ས་ཡོམ་ཚད་རིམ་ལྔ་དང་གྲངས་ཆུང་ལྔ་ཅན་ཞིག་བྱུང་ནས། ད་སྔ་མི་གྲངས་དྲུག་བཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ནང་མི་གྲངས་༡༢་ཙམ་ལ་རྨས་སྐྱོན་ཅུང་ལྗིད་ཙམ་ཕོག་ཡོད་པ་མ་ཟད། ད་བར་མི་གྲངས་ཁྲི་གཅིག་ལྷག་ཙམ་ས་ཡོམ་བྱུང་སའི་ཉེན་ཁའི་ས་ཁུལ་ནས་ཉེན་ཡོལ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་རེད།
ས་ཡོམ་གྱི་དོན་རྐྱེན་བྱུང་མ་ཐག་ས་གནས་མྱུར་སྐྱོབ་ལས་དོན་མི་སྣས། སྟེང་ཆེན་རྫོང་དགའ་ཐང་ཕྱོགས་སུ་གཙང་བཤེར་བྱས་སྟེ་གྲོང་སྡེ་དེའི་ནང་ཡོད་པའི་ལམ་ཆེན་བརྒྱད་ནས་དྲུག་བསྐྱར་གསོ་བྱེད་ཐུབ་པ་བྱུང་འདུག་ལ་མྱུར་སྐྱོབ་ལས་དོན་མི་སྣས་ས་ཡོམ་གྱི་དོན་རྐྱེན་ནང་རྨས་སྐྱོན་ཕོག་པའི་མི་མང་སྨན་ཁང་དུ་སྨན་བཅོས་བྱེད་དུ་བསྐྱལ་འདུག
ཉེན་ཁ་ཡོད་པའི་ས་ཁུལ་གྱི་མང་ཚོགས་རྣམས་བདེ་འཇགས་ས་ཆར་གནས་སྤོས་ཤིང་ཉེན་ཁ་ལས་གཡོལ་བ་དང་། དེ་བཞིན་གུར་དང་། ཟས་རིགས། མལ་ཆས། སྨན་པ་དང་། སྨན་ཞབས་པ་སོགས་དགོས་མཁོའི་ཅ་དངོས་རིགས་སོགས་གྲ་སྒྲིག་གང་ཟབ་བྱ་བཞིན་ཡོད་པ་རེད།
དེ་ལྟར་ཕྱི་ཚེས་༡༡་ཉིན་བོད་ཆབ་མདོ་སྟེང་ཆེན་རྫོང་དུ་ས་ཡོམ་རིམ་པ་༥་དང་ཚགས་༥་དེའི་ཁྲོད་ས་གནས་དེར་མི་རྒྱུ་གཉིས་ཀའི་ཐོག་དོ་ཕོག་ཤུགས་ཆེ་བྱུང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།