རྒྱ་ནག་གིས་ཡང་བསྐྱར་རྒྱ་གར་ལ་ཉེན་བརྡ་བཏང་འདུག


2017.07.24
རྒྱ་གར་དང་རྒྱ་ནག་གི་ས་མཚམས་མཐའ་སྲུང་དམག་མི། རྒྱ་གར་དང་རྒྱ་ནག་གི་ས་མཚམས་མཐའ་སྲུང་དམག་མི།
AFP

རྒྱ་ནག་གིས་རྒྱ་གར་དང་རྩོད་རྙོག་ཅན་གྱི་ས་མཚམས་སུ་དམག་དཔུང་འགྲེམ་འཇོག་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་འདུག
དེ་ཡང་AFP་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Wu Qian)་གིས་རྒྱ་ནག་གི་ཉིན་རེའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རེས་གཟའ་ཟླ་བའི་ཉིན་བརྗོད་དོན། རྒྱལ་ཁབ་གཉིས་ཀས་ངོས་ལེན་ཞུས་པའི་རྒྱ་གར་དང་ས་འབྲེལ་ཆགས་པའི་ས་མཚམས་སུ་བརྒལ་བཞིན་ཡོད་པའི་བྱ་སྤྱོད་དེ་ནི་རྒྱ་ནག་གི་བདག་དབང་ལ་ཚབས་ཆེའི་ཁྲིམས་འགལ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཞིག་རེད་ཅེས་བརྗོད་པ་དང་སྤྲགས་རྒྱ་ནག་གིས་བདག་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དེ་ནི་འགྱུར་བ་མེད་པའི་གནད་དོན་ཞིག་ཡིན་སྟབས། བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་རིན་པ་གང་འདྲ་ཞིག་གཏོང་དགོས་ཚེ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
ཡང་ཁོང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྲུང་སྐྱོབ་དམག་དཔུང་གིས་ས་མཚམས་ཀྱི་གནས་སྟངས་ཛ་དྲག་གི་བརྡ་ལན་སྤྲད་ཡོད་སྟབས། དེའི་བརྡ་ལན་ཚུལ་དུ་དམག་དཔུང་འགྲེམ་འཇོིག་དང་སྤྱོང་བརྡར་མུ་མཐུད་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
རྒྱ་ནག་གི་མགྲིན་ཚབ་པས་བརྗོད་པའི་གནད་དོན་དེའི་ཐད་AFP་གསར་ཁང་གིས་གནས་ཚུལ་མུ་མཐུད་སྤེལ་བ་ལྟར་ན། རྒྱ་ནག་གིས་རྒྱ་གར་དང་ས་མཚམས་ཀྱི་གནད་དོན་ཐད་ལ་སྲུང་སྐྱོབ་ཀྱི་ལས་དོན་དེ་ནི་རྒྱ་ནག་དང་འབྲུག་བར་ཀྱི་ས་མཚམས་རྩོད་རྙོག་ཡོད་པའི་མཐོ་སྒང་ཐག་རིང་ཞིག་ལ་རྒྱ་ནག་དམག་དཔུང་གིས་གཞུང་ལམ་གསར་རྒྱག་གི་ལས་དོན་སྤེལ་འགོ་བཙུགས་རྗེས་ཀྱི་ཟླ་གཅིག་གི་སྔོན་ཙམ་ལ་སྤེལ་འགོ་བཙུགས་ཡོད་པ་དང་། སྐབས་དེར་རྒྱ་གར་དམག་དཔུང་གིས་ས་མཚམས་ཀྱི་གནད་འགག་ཅན་གྱི་ས་ཁུལ་སུ་བསྐྱོད་དེ་རྒྱ་ནག་དམག་དཔུང་གི་ལས་དོན་དེར་བཀག་སྐྱིལ་གྱི་ལས་དོན་སྤེལ་ཡོད་པར་རྒྱ་ནག་གིས་ཁོང་ཚོར་མངའ་ཁུལ་གྱི་བདག་དབང་གི་ཁྲིམས་དང་འགལ་འཛོལ་བྱས་ཡོད་ཅེས་བརྗོད་དང་སྤྲགས མགྱོགས་མྱུར་ཕྱིར་འཐེན་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།
དེའི་སྔོན་དུ་རྒྱ་ནག་གིས་འབྲུག་དང་ས་མཚམས་སུ་ལམ་གསར་བརྒྱབ་བྱེད་བཞིན་པའི་བྱ་སྤྱོད་དེ་ནི་རྒྱ་ནག་དང་གྲོས་མཐུན་བྱས་པ་དང་ཐད་ཀར་འགལ་འཛོལ་བྱས་ཡོད་པ་རེད་ཅེས་འབྲུག་གིས་བརྗོད་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎