མཉམ་འབྲེལ་རྒྱལ་ཚོཌ་ནས་ལི་བི་ཡ་གཞུང་ལ་ཉེས་ཆད་ཐག་གཅོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་ལི་བི་ཡ་གཞུང་ལ་རྒྱུ་དངོས་སྤྲོད་ལེན་བཀག་བསྡོམས་གནང་ཡོད་པ་རེད།

2011-02-27
Share

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ཚོགས་མི་སྤྱི་མོས་ཀྱི་ཐོག་ནས་ལི་བི་ཡ་གཞུང་གིས་མི་དམངས་ཐོག་དྲག་གནོན་བྱས་པ་དེར་ཉེས་ཆད་ཐག་གཅོད་གནང་སྟེ་འགྲིམས་འགྲུལ་མཚམས་འཇོག་དང༌། རྒྱུ་དངོས་སྤྲོད་ལེན་བཀག་བསྡོམས་གནང་ཡོད་པ་རེད།

དེ་ཡང་རེས་གཟའ་སྤེན་པའི་ཉིན་ཚོགས་མི་རྒྱལ་ཁབ་༡༥ཡིས་འོས་ཤོག་འཕེན་ཏེ། ལི་བི་ཡ་ལ་འཕྲལ་དུ་གོ་མཚོན་ཚོང་འགྲེམས་བཀག་སྡོམས་བྱ་རྒྱུའི་སྤྱི་མོས་བྱུང་བ་མ་ཟད། ལྷན་ཁང་གི་ངོས་ནས་དྲག་པོའི་བྱ་སྤྱོད་མཚམས་འཇོག་ཡོང་ཐབས་ལ་ཐབས་ཇུས་གསར་པ་ཞིག་ཀྱང་གཏན་འབེབས་གནང་ཡོད་ཅིང༌། ལྷན་ཁང་གིས་ལི་བི་ཡ་ནང་འགྲིམས་འགྲུལ་མཚམས་འཇོག་དང་དཔལ་འབྱོར་འདོན་སྤྲོད་བཀག་སྡོམས་བྱས་པའི་ཉེས་ཆད་ཀྱི་གྲོས་མཆོད་དེ་ནི། ཞི་བའི་ངོ་རྒོལ་བྱེད་མིའི་ཐོག་དྲག་གནོན་བྱེད་མཁན་ལོ་ན་༦༨ཡིན་པའི་ལི་བི་ཡ་དབང་བསྒྱུར་པ་ག་རྡི་ཕི་དང། ཁོང་གི་བུ་བཞི་དང༌། བོུ་གཅིག་ ཉེ་འཁོར་གྱི་སྲུང་སྐྱོབ་དཔོན་རིགས། གསང་བའི་དཔོན་རིགས་ཚོར་དམིགས་པ་ཞིག་ཡིན་པ་རེད།

ཐོག་མར་ཉེས་ཆད་གཏོང་རྒྱུའི་མིང་གཞུང་ནང་མི་༢༢མིང་འཁོད་ཡོད་ཀྱང་རྗེས་སུ་བཀའ་བསྡུར་གནང་བ་བརྒྱུད་ཉུང་དུ་བཏང་སྟེ་མི་༡༦གི་མིང་ལས་བཀོད་མེད་པ་དེའི་རྒྱུ་མཚན་ནི། ལྷན་ཁང་གི་ངོས་ནས་ལི་བི་ཡའི་དཔོན་རིགས་ཚོས་ག་རྡ་ཕི་ ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱས་ཏེ་མི་དམངས་དང་གདུང་སེམས་ཉམས་སྐྱེད་ཡོང་རྒྱུར་སེམས་འགུལ་ཐེབས་ཐབས་ཀྱི་ཆེད་དུ་བསམ་བློ་གཏོང་བ་ཡིན་ལུགས་གསུངས་ཡོད་པ་མ་ཟད། ག་རྡ་ཕི་ལ་རྒྱབ་སྐྱོར་བྱེད་མི་ཚོས་ཞི་བའི་མི་སེར་ཐོག་གཞི་རྒྱ་ཆེ་བའི་དྲག་གནོན་བྱས་ཏེ། ཁྱོན་མི་དམངས་གཅིག་སྟོང་ལྷག་དམར་གསོད་བཏང་བའི་བྱ་སྤྱོད་རྒྱལ་སྤྱིའི་ཉེས་ཅན་པའི་ཁྲིམས་ཁང་དུ་ཞུ་གཏུགས་རྒྱབ་ཡོད་པ་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།