བྱང་ཀོ་རི་ཡར་སྔར་ལས་ལྕི་བའི་ཉེས་ཆད་གཏོང་རྒྱུའི་གྲོས་གཞི།

བྱང་ཀོ་རི་ཡའི་གཞུང་གི་ཚུལ་མིན་གྱི་བྱ་སྤྱོད་ཐད་དེ་སྔ་ལས་ལྕི་བའི་ཉེས་ཆད་གཏོང་དགོས་པའི་གྲོས་གཞི་ཞིག་རྒྱལ་ཚོགས་ནང་བཏོན་ཡོད་པ་རེད།

2010-11-30
Share

༄༅༎མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ལྕམ་སུའུ་སན་རའེ་སི་མཆོག་གིས་ཁ་ས་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ནང་བྱང་ཀོ་རི་ཡའི་གཞུང་གི་ཚུལ་མིན་གྱི་བྱ་སྤྱོད་ཐད་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ངོས་ནས་དེ་སྔ་ལས་ལྕི་བའི་ཉེས་ཆད་གཏོང་དགོས་པའི་གྲོས་གཞི་ཞིག་བཏོན་གནང་བས་མ་ཟད་བྱང་ཀོ་རི་ཡའི་བློ་མཐུན་རྒྱལ་ཁབ་རྒྱ་ནག་གིས་ཀྱང་ཀོ་རི་ཡའི་ཕྱེད་གླིང་མངའ་ཁུལ་ནང་ཞི་བདེ་ལྷིངས་འཇགས་ཡོང་ཐབས་ཀྱི་འབད་བརྩོན་བྱེད་དགོས་པའི་སྐུལ་འདེད་གནང་ཡོད་པ་རེད་ མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ལྕམ་སུའུ་སན་རའེ་སི་མཆོག་གིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་འཆར་གཞིའི་བརྒྱུད་མངའ་ཁུལ་གྱི་བདེ་འཇགས་ཐད་ཉེན་ཁ་བཟོས་པར་ཉེན་ཁའི་སྡིག་ར་དེར་ཨ་མི་རི་ཀའི་ངོས་ནས་ཁ་གཏད་གཅོག་གི་ཡིན་ཞེས་གསར་འགོད་པར་གཏམ་བཤད་གནང་ཡོད་པ་རེད་

དེ་སྔ་ཕྱི་ལོ་༢༠༠༦དང་༢༠༠༩སོ་སོར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ངོས་ནས་ཉེས་ཆད་ཇི་ལྟར་འགེལ་རྒྱུའི་གྲོས་ཆོད་ཁག་གི་ཐོག་ལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་ཁ་ས་གཟའ་ཟླ་བའི་ཉིན་ བསྐྱར་ཞིབ་གྲོས་བསྡུར་གནང་ཡོད་པ་རེད་ བྱང་ཀོ་རི་ཡའི་ཐོག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་དེ་སྔའི་སྐབས་སོ་སོར་གྲོས་ཚོགས་ཁོངས་ཀྱི་རྒྱལ་ཁབ་གཞན་གྱིས་བྱང་ཀོ་རི་ཡར་མཚོན་ཆའི་རིགས་ཚོང་འགྲེམས་མི་ཆོག་པ་དང་བྱང་ཀོ་རི་ཡའི་གཞུང་གི་རྡུལ་ཕྲན་གྱི་འཆར་གཞིའི་ལས་དོན་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་གཞན་གྱི་དཔོན་རིགས་ཚོས་ཀྱང་བྱང་ཀོ་རི་ཡར་ཕར་འགྲོ་ཚོར་འོང་བྱ་རྒྱུའི་འགྲིམས་འགྲུལ་ཐོག་ལའང་བཏང་འཛིན་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།