ཨ་མི་རི་ཀས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཞིག་སྒོ་རྒྱག་དགོས་བའི་བཀོད་རྒྱ་བཏང་འདུག

2020-07-22
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ཊེཁུ་སེ་སུ་(Texas)་མངའ་སྡེའི་ཧོའི་སུ་ཊོན་(Houston)་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས། ༢༠༢༠།༧།༢༢
ཨ་རིའི་ཊེཁུ་སེ་སུ་(Texas)་མངའ་སྡེའི་ཧོའི་སུ་ཊོན་(Houston)་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས། ༢༠༢༠།༧།༢༢
AP

ཨ་མི་རི་ཀ་གཞུང་གིས་ཨ་རིའི་ཊེཁུ་སེ་སུ་མངའ་སྡེའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ཆུ་ཚོད་༧༢་ནང་སྒོ་རྒྱག་དགོས་བའི་བཀོད་རྒྱ་བཏང་འདུག
དེ་ཡང་འདི་ཚེས་༢༢་ཉིན། ཨ་མི་རི་ཀ་གཞུང་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་དང་ཨ་རིའི་སྤྱི་དམངས་སྒེར་གྱི་གནས་ཚུལ་ལ་སྲུང་སྐྱོབ་ཀྱི་ཆེད་དུ། ཨ་རིའི་ཊེཁུ་སེ་སུ་(Texas)་མངའ་སྡེའི་ཧོའི་སུ་ཊོན་(Houston)་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ཆུ་ཚོད་༧༢་ནང་སྒོ་རྒྱག་དགོས་བའི་བཀོད་རྒྱ་བཏང་འདུག
དེའི་ཐད་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བཀའ་ལན་གནང་བའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་མང་རིང་ཁྲིམས་འགལ་ཐོག་ཨ་མི་རི་ཀའི་ནང་ཨ་རིའི་གཞུང་དམངས་གཉིས་ཀྱི་ཐོག་སོ་མྱུལ་གྱི་ལས་དོན་དང་ཤུགས་རྐྱེན་སྤྲོད་པའི་ལས་གཞི་རྒྱ་ཆེ་སྤེལ་བཞིན་ཡོད་པ་དང་། འདི་འདྲའི་ལས་རིམ་ཁག་འདས་པའི་ལོ་ལྔའི་ནང་མངོན་གསལ་དོད་པོས་ཤུགས་ཆེ་རུ་བཏང་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Morgan Ortagus)་ལགས་ཀྱིས། ཨ་མི་རི་ཀའི་ངོས་ནས་དེ་སྔོན་རྒྱ་ནག་གི་ཚོང་ལས་དྲང་བདེན་མིན་པ་དང་། ཨ་རིའི་ལས་ཀ་རྐུ་འཁྱེར་ལ་སོགས་པ་ཨ་རིར་གནོད་པའི་བྱ་སྤྱོད་ལ་བཟོད་བསྲན་མ་བྱས་པ་ལྟར། རྒྱ་ནག་གིས་ང་ཚོའི་མངའ་དབང་ལ་བརྩི་མེད་དང་། ང་ཚོའི་མི་དམངས་ལ་འཇིགས་སྐུལ་གྱི་བྱ་སྤྱོད་ཁག་ལ་ཨ་རིས་ནམ་ཡང་བཟོད་བསྲན་བྱེད་རྒྱུ་མིན་ལ། སྲིད་འཛིན་(Trump)་ངོས་ནས་རྒྱ་ནག་ལ་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་རང་བཞིན་དེ་དྲང་བདེན་དང་འདྲ་མཉམ་དགོས་པ་ནན་བརྗོད་གནང་བཞིན་ཡོད་པ་བརྗོད་འདུག
གཟའ་མིག་དམར་ཉིན་ཨ་རིའི་གཞུང་གིས་ཧོའི་སུ་ཊོན་(Houston)་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་པའི་བཀོད་རྒྱ་བཏང་པའི་རྗེས། རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་དེའི་སྒོ་རྭའི་ནང་ཤོག་བུ་ཡིག་ཆ་མང་པོ་མེར་བསྲེགས་བཏང་ནས་མཁའ་དབྱིངས་སུ་དུ་བས་ཁེངས་ཡོད་པ་དང་། དེ་མ་ཐག་གྲོང་ཁྱེར་གྱི་མེ་གསོད་རུ་ཁག་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་ལ་འབྱོར་ཡོད་ཀྱང་ནང་ལ་འཛུལ་བཅུག་མེད་པ་རེད།
དེའི་ཐད་རྒྱ་ནག་གི་ཕྱོགས་ནས་ཨ་རིའི་བྱ་སྤྱོད་དེ་ནི་དྲང་བདེན་མིན་པ་དང་། ཨ་རིའི་ངོས་ནས་ནོར་འཁྲུལ་ཅན་གྱི་ཐག་གཅོད་དེ་ཕྱིར་བསྡུ་བྱེད་དགོས་ལུགས་སོགས་བརྗོད་པ་དང་མཉམ། དེར་རྒྱ་ནག་གི་ངོས་ནས་འཁོན་ལན་ནན་པོ་སློག་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།