ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བལ་ཡུལ་གྱི་གཞུང་ཚབ་གཉིས་མཇལ་མོལ།

2022-05-11
Share
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བལ་ཡུལ་གྱི་གཞུང་ཚབ་གཉིས་མཇལ་མོལ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་བལ་ཡུལ་གྱི་གཞུང་ཚབ་གཉིས་མཇལ་མོལ་རྗེས། ༠༥།༡༠།༢༠༢༢
@UnderSecStateJ

འདི་ཚེས་༡༠ཉིན་ཨ་རིའི་ནང་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་སྐུ་ཞབས་(Shridar Khatri)་ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་དང་རྒྱལ་ས་ཝ་ཤིན་ཀྲོན་དུ་མཇལ་འཕྲད་གནང་ནས་བལ་ཡུལ་དང་ཨ་རིའི་འབྲེལ་བ་དང་། མང་གཙོའི་འཕེལ་རིམ། བེུད་ཀྱི་ཐོབ་ཐང་སོགས་ཀྱི་ཐད་གྲོས་བསྡུར་གནང་ཡོད་པ་ལྕམ་(Uzra Zeya)་ལགས་ཀྱིས་(twitter)་དྲ་ལམ་དུ་གནས་ཚུལ་སྤེལ་འདུག
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་རིང་མིན་བལ་ཡུལ་དུ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དང་། སྐབས་དེར་ཁོང་གིས་བལ་ཡུལ་གྱི་དབུ་ཁྲིད་རྣམས་དང་ལྷན་དུ་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་དང་། བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལའང་གླེང་སློང་གནང་འཆར་ཡོད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཆེད་བསྐོས་གནང་བ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛེ་ཡ་(Uzra Zeya)ལགས་ཕྱི་ཟླ་༥ཚེས་༡༨དང་༡༩བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་སཱ་ལར་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་། ཉིན་གྲངས་གཉིས་ཀྱི་གཟིགས་སྐོར་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་ཡོད།
ཟླ་སྔོན་མའི་༢༥ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་དང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཨ་རིའི་རྒྱལ་ས་ནས་མཇལ་འཕྲད་གནང་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཆུ་ཚོད་གཅིག་ལྷག་རིང་བོད་དོན་མཇལ་མོལ་གནང་ཡོད་པ་རེད།

གསར་འགོད་པ། ཚེ་དབང་དངོས་གྲུབ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།