རྩོམ་པ་པོ་སྐལ་བཟང་སྦྱིན་པ་བཙོན་གྲོལ།

༄༅༎དུས་རབས་ཀྱི་ང་ཞེས་བའི་དུས་དེབ་ཀྱི་རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པའམ་རྩོམ་པ་པོ་མགར་མི་ལགས་ལོ་ངོ་གསུམ་གྱི་རིང་ལ་ཟི་ཁྲོན་མེན་ཡང་བཙོན་ཁང་ནས་མནར་གཅོད་མྱང་རྗེས་དེ་རིང་ཕྱི་ཟླ་༧ཚེས་༡༨ཉིནགཞི་ནས་བཙོན་གྲོལ་ཐོབ་། ཁོང་༢༠༡༠ ཕྱི་ཟླ་༡༢ ཚེས་༣༠ ཉིན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ནག་ཉེས་བཙུགས་ནས། དུས་རབས་ཀྱི་ང་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་འཇང་རྩེ་དོན་ཁོ་ལགས་སུ་ལོ་བཞི་དང༌། རྩོམ་པ་པོ་བུད་ངྷ་ལགས་སུ་ལོ་བཞི།རྩོམ་པ་པོ་སྐལ་བཟང་སྦྱིན་པ་ལགས་སུ་ལོ་གསུམ་བཅས་བཙོན་འཇུག་ཁྲིམས་ཐག་བཅད་པ་གསལ་བསྒྲགས་བྱས་ཡོད་པ་རེད།ད་ལྟའི་འཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྐོར་གནས་ཚུལ་ཁ་གསལ་མེད་པ་རེད་༎