ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་འགུལ་ཚད་རིམ་པ་བདུན་ཚེག་གཅིག་གི་ས་ཡོམ་བརྒྱབ་འདུག

2024.01.23
ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་འགུལ་ཚད་རིམ་པ་བདུན་ཚེག་གཅིག་གི་ས་ཡོམ་བརྒྱབ་འདུག ཤིན་ཅང་ས་ཁུལ་དུ་འགུལ་ཚད་རིམ་པ་བདུན་ཚེག་གཅིག་གི་ས་ཡོམ་རྒྱབ་པའི་གནོད་ཐེབས་ས་ཁུལ། ༠༡།༢༣།༢༠༢༤
CNS / AFP

དེ་ཡང་པེ་ཅིང་ནས་(reuters)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། འདི་ཚེས་༢༣རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་རྒྱ་ནག་གི་བྱང་ཕྱོགས་ཤར་ཏུར་ཀི་སི་ཐན་ས་ཁུལ་དུ་འགུལ་ཚད་རིམ་པ་༧ཚེག་༡གི་ས་ཡོམ་བརྒྱབ་ནས་ཉུང་མཐར་མི་གསུམ་ཤི་བ་དང་མི་དྲུག་ལ་རྨས་སྐྱོན་ཕོག་པ། ཁང་པ་༡༢༠ཙམ་བརྡིབ་པ་སོགས་ཀྱི་གོད་ཆག་བྱུང་ལུགས་གནས་ཚུལ་སྤེལ་འདུག་ལ། འདི་ནི་དགུན་དུས་ཀྱི་གནམ་གཤིས་གྲང་ངར་ཆེ་བའི་དུས་འདིར་རྒྱ་ནག་ནང་ས་ཡོམ་ཀྱི་གོད་ཆག་བྱུང་བ་གསར་ཤོས་དེ་ཡིན་འདུག
ད་རེས་ས་ཡོམ་དེ་བཞིན་ཤར་ཏུར་ཀི་སི་ཐན་གྱི་(Aksu)་ས་ཁུལ་གྱི་(Uchturpan)་རྫོང་ནང་ཐོ་རེངས་ཚོུད་གཉིས་པ་ཙམ་ལ་བརྒྱབ་ཡོད་པ་དང་། ཛ་དྲག་ཉེན་སྐྱོབ་རུ་ཁག་འཕྲལ་དུ་ཆེད་གཏོང་གནང་སྐབས། རྨས་སྐྱོན་ཕོག་པའི་མི་དྲུག་མྱུར་སྐྱོབ་བྱས་འདུག་ལ། ཁང་པ་མང་པོ་བརྡིབ་སྐྱོན་བྱུང་ཡོད་པ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ས་གནས་རྒྱ་ནག་སྲིད་གཞུང་ཀྱི་གཞུང་འབྲེལ་དྲ་རྒྱ་(Weibo)་ནང་བཀོད་ཡོད་འདུག
ཡང་ས་ཡོམ་གྱི་རྐྱེན་པས་གློག་རྐུད་མང་པོ་ཆད་པ་སོགས་ཀྱི་གནོད་སྐྱོན་བྱུང་འདུག་ཀྱང་འཕྲལ་དུ་སླར་གསོ་བྱེད་ཐུབ་པ་བྱུང་ཡོད་ལུགས་(Aksu)་ས་ཁུལ་གྱི་དཔོན་རིགས་ཚོས་བརྗོད་འདུག
ཕྱི་ལོ་༢༠༢༢ལོར་མི་འབོར་ཞིབ་འཇུག་བྱས་པའི་སྙན་ཐོ་གཞིར་བཟུང་བྱས་ན། ས་ཡོམ་རྒྱབ་ཡུལ་རི་ཁྲོད་དུ་ཆགས་པའི་རྫོང་དེའི་ནང་མི་འབོར་ཁྱོན་བསྡོམས་ནས་འབུམ་གཉིས་དང་སུམ་ཁྲི་སུམ་སྟོང་ཙམ་ཡོད་པ་ཤིན་ཅང་གི་དཔོན་རིགས་ཚོས་བརྗོད་འདུག
ཨ་རིའི་ས་དཔྱད་ཞིབ་འཇུག་ཁང་གིས་ད་རེས་ཀྱི་ས་ཡོམ་དེའི་འགུལ་ཚད་ནི་(Magnitude)་༧ཡིན་པ་དང་། རི་ཁྲོད་ཀྱི་ས་ཁུལ་དེར་དེ་སྔ་༡༩༧༨ལོར་ས་ཡོམ་ཆེ་ཤོས་འགུལ་ཚད་༧་༡བརྒྱབ་ཡོད་པ་བརྗོད་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎