གསར་འགྱུར་ཡིག་ཚགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་འཐུས་མི་སོགས་དང་མཇལ་ཕྲད་གནང་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་གཞུང་འབྲེལ་ཕེབས་ཕེབས་སྐབས་ཕྱི་ཟླ་ ༡༡ ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་ཀྱི་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རཡེ་ལེ་སྦརནསི་མཆོག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ལས་བྱེད། གྲོས་ཚོགས་འཐུས་མི། གསར་ཁང་ཁག་གི་འཐུས་མི་བཅས་དང་མཇལ་འཕྲད་གནང་སྟེ། བོད་ཀྱི་ད་ལྟའི་གནས་བབ་དང་ཨ་རིས་བོད་མི་མང་ལ་རྒྱབ་སྐྱོར་གནང་བཞིན་པར་དགའ་བསུ་ཞུས་གནང་ཡོད་པ་རེད།








