༧པཎ་ཆེན་བཅུ་བ་ཆེན་མོ་མཆོག་གི་སྐུ་ཚེའི་ལོ་རྒྱུས།


2019-02-22
Share
༧པཎ་ཆེན་བཅུ་བ་ཆེན་མོ་མཆོག་གི་སྐུ་ཚེའི་ལོ་རྒྱུས། ༧པཎ་ཆེན་བཅུ་བ་ཆེན་མོ་མཆོག་རྒྱ་གཞུང་གི་བཙོན་ཁང་དུ་བཅུགས་ཚུལ་དང་དེ་ཡི་སྔ་ནུབ་ཀྱི་གནས་སྟངས།
སྟག་ལྷ་རྒྱལ།

༄༅༎ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་འདིའི་ནང་དུ་༧ཀུན་གཟིགས ༧པཎ་ཆེན་བཅུ་བ་ཆེན་མོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ ༣༠ འཁོར་བའི་ལོ་ཚིགས་འདི་དང་སྟབས་བསྟུན་ནས། ཀུན་གཟིགས༧པཎ་ཆེན་སྣང་བ་མཐའ་ཡས་མཆོག་ལ་རྗེས་དྲན་གྱི་ཚུལ་དུ། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་སུ ༧ཀུན་གཟིགས༧པཎ་ཆེན་བཅུ་བ་ཆེན་མོ་མཆོག་གི་འཁྲུངས་ས་འཁྲུངས་ཡུལ་ངོ་སྤྲོད་དང་། ༧པཎ་ཆེན་དགུ་བ་ཆེན་མོའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་སྔ་གཞུང་གི་གནས་ཚུལ། ནང་སྒོས་སུ་སྐད་གྲགས་ཆེ་བའི༼ཡིག་འབྲུ་ཁྲི་བདུན་མ༽ཞེས་པའི་སྙན་ཞུ་ཡི་གེ་དེས་མཚོན་པའི་ཁོང་གི་རླབས་ཆེ་བའི་མཛད་རྗེས་ཁག དེ་མིན ༧པཎ་ཆེན་བཅུ་བ་ཆེན་མོ་མཆོག་རྒྱ་གཞུང་གི་བཙོན་ཁང་དུ་བཅུགས་ཚུལ་དང་དེ་ཡི་སྔ་ནུབ་ཀྱི་གནས་སྟངས་སོགས་ཀྱི་ཐད༧པཎ་ཆེན་བཅུ་བ་ཆེན་མོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་བོད་མི་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས༎

གསར་འགོད་པ་སྟག་ལྷ་རྒྱལ།

དེ་རིང་གི་གདན་ཞུ་སྐུ་མགྲོན་གཉིས་ནི།

༡༽༼༧པཎ་ཆེ་ཨེར་ཏི་ནི་ཞིབ་འཇུག༽ཅེས་པའི་དཔེ་ཆའི་རྩོམ་པ་པོ་ད་ལྟ་ས་ར་མཐོ་སློབ་ཀྱི་དགེ་རྒན་ཡིན་པའི་གཙང་ཕྲུག་སྟོབས་ལགས་དང་།

༢༽༼སངས་རྒྱས་བཀྲོངས་པ༽ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཟུར་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་ད་ལྟ་ཨོ་སི་ཊི་རེ་ལེ་ཡར་བཞུགས་པའི་ལྷ་སྡེ་གནམ་ལོ་ཡག་གཉིས་ཡིན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།