མི་ལོ ༧༠ རྗེས་སུ་ཡང་བསྐྱར་གྲོས་མཐུན་དོན་ཚན ༡༧ ཟེར་བར་ཕྱི་མིག

2021-05-21
Share
མི་ལོ ༧༠ རྗེས་སུ་ཡང་བསྐྱར་གྲོས་མཐུན་དོན་ཚན ༡༧ ཟེར་བར་ཕྱི་མིག གྲོས་མཐུན་དོན་ཚན ༡༧ ཟེར་བ་བཞག་པའི་ལོ་རྒྱུས་རྒྱབ་ལྗོངས་དང་བྱུང་སྟངས། ནང་དོན་གཙོ་བོ། ལག་བསྟར་བྱས་ཚུལ།
པར་ཚགས།

༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབས་པའི་གླེང་བྱ་ནི། མི་ལོ ༧༠ རྗེས་སུ་ཡང་བསྐྱར་གྲོས་མཐུན་དོན་ཚན ༡༧ ཟེར་བར་ཕྱི་མིག་ཅིག་བལྟས་ནས། གྲོས་མཐུན་དོན་ཚན ༡༧ ཟེར་བ་བཞག་པའི་ལོ་རྒྱུས་རྒྱབ་ལྗོངས་དང་བྱུང་སྟངས། ནང་དོན་གཙོ་བོ། ལག་བསྟར་བྱས་ཚུལ། འདས་པའི་མི་ལོ ༧༠འི་ནང་བོད་ནང་གྲོས་མཐུན་དོན་ཚན ༡༧ གྱི་ནུས་པ་ཐོན་ཡོད་མེད། བོད་ཕྱོགས་ནས་རྩིས་མེད་དུ་བཏང་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གི་མུ་མཐུད་ནས་བེད་སྤྱོད་གཏོང་དོན་སོགས་ཀྱི་ཐད། འབྲེལ་ཡོད་བོད་མི་གསུམ་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་ཞུས་པར་གསན་རོགས།།

གསར་འགོད་པ་སྟག་ལྷ་རྒྱལ།

སྐུ་མགྲོན་གསུམ་ནི།

ད་ལྟ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བཞུགས་པའི་སྤྱི་ཟུར་མོག་རུ་བསྟན་པ་ལགས་དང་།

ཨ་རིའི་བུ་རྗི་ནི་ཡ་གཙུག་ལག་སློབ་ཆེན་དུ་ཕྱག་ལས་གནང་བཞིན་པའི་བསྟན་འཛིན་ཐོས་བསམ་ལགས།

ཨོ་སི་ཊེ་རེ་ལེ་ཡར་བཞུགས་པའི་རྩོམ་པ་པོ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་ལགས་བཅས་ཡིན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།