༧པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་པའི་གནས་སྐབས་ཀྱི་ཛ་དྲག་གནས་སྟངས།

2022.01.29
Share on WhatsApp
Share on WhatsApp
༧པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་པའི་གནས་སྐབས་ཀྱི་ཛ་དྲག་གནས་སྟངས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག
སྒྲིག་བཟོ།/RFA

ཕྱི་ལོ་༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམས་ཏེ་ད་ཆ་ལོ་༣༣་འཁོར་བའི་གདུང་མཆོད་ཆེད། ཉེ་བའི་ཉིན་ཤས་ནང་བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་༧པཎ་ཆེན་སྐུ་གོང་མ་མཆོག་གི་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱར་རྗེས་དྲན་ཞུས་དང་ཞུ་བཞིན་ཡོད་པ་ལྟར། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་པའི་སྐབས་གཞིས་ཀྱི་གདན་ས་བཀྲིས་ལྷུན་པོར་ཡོད་པ་ད་ལྟ་བྱེས་འབྱོར་༧པཎ་ཆེན་ཨིརྟི་ནི་ཞབས་ཞུ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་བློ་བཟང་རྡོ་རྗེ་ལགས་དང་ལྷན་༧པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་པའི་གནས་སྐབས་ཀྱི་ཛ་དྲག་གནས་སྟངས་དང་ལྷག་པར་མཛད་རྗེས་བཅས་ཀྱི་ཐད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎