རྒྱ་ནག་གིས་བོད་ཀྱི་གཙང་ཆུ་ཁ་བསྒྱུར་བྱེད་བཞིན་པ།
༄༅།།དེ་ནས་ཕྱི་ལོ་༡༩༩༣ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་མོ་ནས་བཟུང་སྟེ་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་མོ་འདི་ནི་འཛམ་གླིང་ཆུ་ཡི་ཉིན་མོ་ཟེར་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་དང་འབྲེལ་དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་ཐོག་མ་བོད་མཐོ་སྒང་གི་འཁྱགས་རོམ་སོགས་ནས་ཐོན་པའི་བོད་ཀྱི་གཙང་ཆུ་ཆེན་པོ་དྲུག་སྟེ་ཡར་ལུང་གཙང་པོ་དང་རྫ་ཆུ། འབྲི་ཆུ། རྨ་ཆུ། རྒྱལ་མོ་དངུལ་ཆུ་དང་། སེང་གེ་ཁ་འབབ་སོགས་བོད་ཀྱི་གཙང་ཆུ་ཆེ་ཁག་དྲུག་གི་གལ་གནད་དང་རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་བྱས་པ་ཙམ་དུ་མ་ཟད། བོད་ཀྱི་གཙང་ཆུའི་ཐོག་ཆུ་ཤུགས་གློག་ཁང་བརྒྱབ་པ་དང་གཙང་ཆུ་ཁ་བསྒྱུར་བྱེད་བཞིན་པའི་ཤུགས་རྐྱེན་སྐོར་བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་ཁོར་ཡུག་ཉམ་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་བའི་སྐོར་ཚེ་དབང་ནོིར་བུ་ལགས་ཀྱིས་སྙན་སྒྲོན་ཞུས་པ་གསན་རོགས།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།