བོད་ཀྱི་ཁྲིམས་ལུགས་རིག་གནས་ཀྱི་སྐོར།

2017-02-17
གློག་འཕྲིན།
མཆན།
Share
པར་བཀོད།
མཐུན་པ་སྤུན་བཞི།
མཐུན་པ་སྤུན་བཞི།
འདྲ་བཤུས།

སྐབས་སུ་བབ་པའི་གངས་ལྗོངས་གླེང་སྟེགས་ཀྱི་གླེང་བྱ་ནི། བོད་ཀྱི་ཁྲིམས་ལུགས་རིག་གནས་ཀྱི་སྐོར་ཡིན་ལ། ད་ཐེངས་རིགས་གཅིག་རྐང་འཛིན་ཁྲིམས་ལུགས་ཆེད་མཁས་པ་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་ངེད་གཉིས་ཀྱིས་བོད་ཀྱི་གནའ་ཁྲིམས་དང་ཞལ་ལྕེ་མཚམས་སྦྱོར་དང་ཆབས་ཅིག བོད་ཀྱི་དམངས་ཁྲིམས་དང་ཉེས་ཁྲིམས་ལ་མངའ་བའི་ཁྱད་ཆོས་དང་དགེ་མཚན། དེ་བཞིན་བོད་རྒྱ་ཆེའི་མི་དམངས་ཀྱི་ཁྲིམས་ལུགས་ཐད་འཛིན་པའི་འདུ་ཤེས། གཞན་བོད་ཀྱི་གནའ་ཁྲིམས་དང་རྒྱ་ནག་གི་ཁྲིམས་ལུགས་།  ནུབ་ཕྱོགས་པའི་ཁྲིམས་ལུགས་གསུམ་བསྡུར་ནས་བོད་ཀྱི་གནའ་ཁྲིམས་ཀྱི་ཕུལ་བྱུང་གི་ཆ་དང་ཞན་ཆ་སོགས་གླེང་རྒྱུ་ཡིན་ལ། དེ་དང་འབྲེལ་ནས་རང་བཞིན་གྱི་བཤད་དགོས་བྱུང་བའི་བོད་ཀྱི་ཞལ་ལྕེ་ལ་ཐུག་པའི་གནད་དོན་སྐོར་ཡང་གླེང་རྒྱུ་ཡིན།

སྐུ་མགྲོན་ངོ་སྤྲོད།
དེ་རིང་གི་གདན་ཞུ་སྐུ་མགྲོན་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ནི། མདོ་སྨད་མཚོ་སྔོན་པོའི་ཡིན་ཞིང་། སྤྱི་ལོ ༡༩༩༢ ལོར་བོད་ཡིག་སློབ་གྲྭ་ཆེན་མོ་ཞིག་ནས་སློབ་མཐར་ཕྱིན་རྗེས། རྒྱ་ནག་ཁྲིམས་ལུགས་སློབ་ཆེན་དུ་ཁྲིམས་ལུགས་རིག་པར་སློབ་སྦྱོང་གནང་ཞིང་། ཁྲིམས་ལུགས་སློབ་ཆེན་དེ་ལས་སློབ་མཐར་ཕྱིན་རྗེས། བོད་ཁུལ་དུ་ཁྲིམས་ལུགས་ཀྱི་ཕྱག་ལས་གནང་འདུག ༢༠༠༠ ལོར་ཨ་མེ་རི་ཀར་ཡོང་ནས་མུ་མཐུད་དེ་རྒྱ་ནག་གི་ཁྲིམས་ཀྱི་འགྱུར་བ་དང་དེ་ལས་མཆེད་པའི་ཤན་ཤུགས་སོགས་ལ་ཞིབ་འཇུག་དང་དོ་སྣང་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།