རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་གསར་འགོད་རང་དབང་།

2020-05-02
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་རྒྱལ་ས་ལྷ་སའི་པར་རིས་དང་གླེང་མོལ་བ་གཡོན་ཕྱོགས་ནས་སྒྲ་རིགས་ཐོགས་མེད་ལགས། འཇམ་དཔལ་སྨོན་ལམ་ལགས། ཡེ་ཤེས་ཟླ་བ་ལགས།
རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ཀྱི་རྒྱལ་ས་ལྷ་སའི་པར་རིས་དང་གླེང་མོལ་བ་གཡོན་ཕྱོགས་ནས་སྒྲ་རིགས་ཐོགས་མེད་ལགས། འཇམ་དཔལ་སྨོན་ལམ་ལགས། ཡེ་ཤེས་ཟླ་བ་ལགས།
Photo: RFA

ལོ་ལྟར་ཕྱི་ཟླ་ ༥ ཚེས་ ༣ ཉིན་མོ་འདི་ནི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་གཞུང་སོ་སོར་གསར་འགོད་རང་དབང་གི་གལ་གནད་དང་གསར་འགོད་པའི་ཀུན་སྤྱོད་སྲུང་སྐྱོབ་བྱ་རྒྱུར་དོ་ཕོག་མི་གཏོང་བའི་དྲན་སྐུལ་ཞུ་བའི་ཉིན་མོ་ཞིག་ཡིན་ལ།  རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ཟླ་ ༤ པའི་ཚེས་ ༢༡ ཉིན་བཏོན་པའི་གསར་འགོད་རང་དབང་སྡུག་པོ་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཀྱི་རེའུ་མིག་དཀར་ཆགས་བཏོན་པའི་ནང་རྒྱ་ནག་འདི་བཞིན་རྒྱལ་ཁབ་ ༡༨༠ ནང་ནས་ ༡༧༧ པར་མིང་འདོན་གྱིས།  ལྷོ་ཀོ་རི་ཡ་དང་མཉམ་ཆེས་སྡུག་ཤོས་ ༤ པར་བཞག་ཡོད་པ་རེད།  གཤམ་ལ་བཀྲིས་དབང་ཕྱུག་ལགས་ཀྱིས་བོད་ནང་གི་གསར་འགོད་རང་དབང་འབྲེལ་བའི་ཐད་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་དང་།  ལོ་རྒྱུས་ཉམས་ཞིབ་པ་དབྱིན་ཡུལ་ཨོཀསྀ་ཕོརཌ་སློབ་ཆེན་ནས་འབུམ་རམས་པའི་སློབ་གཉེར་བ་སྒྲ་རིགས་ཐོགས་མེད་ལགས།  རྒྱ་གར་ཨ་མེ་ཋི་སློབ་ཆེན་ནས་སྲིད་དོན་རིག་པའི་གནས་ལ་འབུམ་རམས་པའི་སློབ་གཉེར་བ་ཡེ་ཤེས་ཟླ་བ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།