སྔ་ལོ་༢༠༢༤ ཟླ་༡༡པའི་ཚེས་༡༡ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དམ་པ་ཁོང་ལ་འདི་གར་རླུང་འཕྲིན་ཁང་གི་གསར་འགོད་པ་ཁག་ཅིག་ཆེད་དུ་བཅར་ནས་།རྒྱ་གར་བྱང་ཤར་ཀ་ལོན་སྦུག་སྟག་ཚེར་གཟིམས་ཤག་དུ་བཅའ་འདྲི་ཞུས་གནང་ཡོད་པ་དང་།དེ་ནི་ཕལ་ཆེར་གསར་འགྱུར་བརྒྱུད་ལམ་ཐོག་བཅའ་འདྲི་གནང་བ་མཐའ་མ་དེ་ཆགས་ཡོད་།སྐབས་དེར་སྐུ་ངོ་མཆོག་གིས་ངའི་རེ་བར་བོད་རིགས་ཚང་མ་མཉམ་རུབ་བྱེད་ནས་འཆམ་པོ་བྱེད། མཐུན་པོ་བྱེད་ནས་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ལ། མ་འོངས་པ་བོད་ཀྱི་ཆོས། རིགས་གཞུང་། ལམ་ལུགས། སྐད་ཡིག་རྣམས་མ་བརླགས་པ་རྣམས་པ་ཚོས་དགོངས་པ་ལ་བཞག་ནས་ཐབས་ཤེས་གནང་དགོས་རེད། རྒྱ་མིའི་བྱེད་སྟངས་དེ་དངོས་ནས་དྲང་ནས་བྱེད་ན། བདེན་པ་ཞེ་གྲགས་ཡོད་མ་རེད། བདེན་པ་མེད་པ་དེ་བདེན་པ་ཡིན་པར་བཟོ་གིན་ཡོད་རེད། རྣམས་པ་ཚོས་ཧུར་ཐག་བྱེད་ནས་ཐབས་ཤེས་གནང་དགོས་ཀྱི་འདུག། འདི་ཐུགས་ལ་ཞགས་རོག་གནང་ཅེས་ཆུ་ཚོད་ཕྱེད་ཀ་ཙམ་གྱི་བཅའ་འདྲི་དང་ལེན་གནང་ཡོད་པས་།ཞིབ་ཕྲ་འདི་གར་གསར་འགོད་པ་བློ་བཟང་དགེ་ལེགས་དང་།པ་སངས་ཚེ་རིང་ལགས་གཉིས་ཀྱིས་བརྙན་ཕབ་ལེན་བྱས་པའི་བཅའ་འདྲི་ལེ་ཚན་དེ་གཟིགས་རོགས་གནང་།
In November of last year, RFA reporters traveled to Kalimpong, West Bengal, to meet Gyalo Dhondup for what would become his final interview with the media. In this exclusive RFA interview, Gyalo Dhondup, the elder brother of His Holiness the Dalai Lama, speaks candidly about the challenges facing Tibet. He urges young Tibetans to unite and advocate for Tibet under the leadership of His Holiness the Dalai Lama. He also addresses China’s efforts to spread misinformation about Tibet and emphasizes the responsibility of the younger generation to preserve the spirit, culture, and identity of the Tibetan people. The interview was conducted by reporters Lobsang Gelek and Passang Tsering.
Producer:Passang Dhonden