བླ་བྲང་འཇིགས་མེད་ལགས་རྐྱེན་འདས་ཀྱི་རྒྱུ་རྐྱེན།

གླེང་མོལ་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་བཙོན་ཁང་ནང་མནར་གཅོད་གཏོང་བའི་རྐྱེན་གྱིས་ཇི་ལྟར་ཡིན་མིན་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་དང་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པའི་ལས་རོགས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པ་གཟིགས་རོགས་ཞུ། Former Tibetan political prisoner and monk Jigme Gyatso — also known as Labrang Jigme dies at 56 at his home in Kanlho Tibetan Autonomous Prefecture, in Gansu province. His student and Tibetan activists blame China’s detention and torture for the causes of death. RFA invites former political prisoner Golog Jigme and TCHRD researcher Nyima Woeser to share their views on this issue. Host: Dorjee Damdul Producer: Nordhey Dolma